འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་10ཉིན།

༄༅༎གཞིས་རྩེས་ཞིང་འབྲོག་པ་ཁྲི་3.5ལས་ཞུགས་གཞན་སྒྱུར་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་1.65གཏོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་10ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ད་ལོ་ཤར་ཚུན་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པ་ཁྲི་3.5ལས་ཞུགས་གཞན་སྒྱུར་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར་1.65གཏོད་པས་ངལ་ནུས་ཕྱིར་གཏོང་བྱེད་ཚད་སྤྱིའི་ཆར་བརྟན་པོ་བྱུང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ནུས་ཤུགས་ཆེན་པོས་རིམ་ཁག་སྲིད་གཞུང་དང་། ཨར་ལས་སྡེ་ཚན། ངལ་ནུས་མངགས་གཏོང་ཀུང་སི། ངལ་ནུས་མཉམ་ལས་ཁང་། གྲོང་ཚོ་དང་གྲོང་མིའི་ངལ་ནུས་བར་ཁེ་བ། ངལ་རྩོལ་ནུས་ཤུགས་དབར་བཅས་ཀྱི་“གནས་དྲུག་གཞི་གཅིག”གི་ལས་ཞུགས་གཞན་སྒྱུར་རྣམ་པ་བཙུགས་པ་དང་འཐུས་ཚང་དུ་བཏང་ནས། སྔ་རྗེས་སུ་ངལ་ནུས་མངགས་གཏོང་ཀུང་སི་28འཛུགས་རྒྱུར་མཛུབ་ཁྲིད་བྱས་ཤིང་། གྲོང་ཚོ་དང་གྲོང་མིའི་ངལ་ནུས་ཀྱི་བར་ཁེ་བ་1547གསོ་སྐྱོང་བྱས་པ་དང་། ངལ་ནུས་མཉམ་ལས་ཁང་134བཙུགས་པ་རེད། ནུས་ཤུགས་གང་ཡོད་ཀྱིས་“ངལ་ནུས་ཕྱིར་གཏོང་ཚོགས་ཆུང་གི་ཙུའུ་ཀྲང་+ངལ་ནུས་བར་ཁེ་བ་+ངལ་ནུས་མངགས་གཏོང་ཀུང་སིའི”རྣམ་པ་བཏོད་ནས“རྐང་པ་གཉིས”ཀྱིས་ལམ་དུ་སྐྱོད་རྒྱུ་མངོན་འགྱུར་ཡོང་བ་བྱས་པ་རེད། རྐང་པ་གཅིག་ནི་ངལ་ནུས་ཀྱི་བར་ཁེ་བ་དང་ཕྱིར་གཏོང་ཚོགས་ཆུང་གི་ཙུའུ་ཀྲང་གིས་གཞོགས་འདེགས་བྱས་ཏེ་གཙོ་བོ་ཤང་གྲོང་ཁག་དང་གྲོང་ཚོ་དང་གྲོང་རྡལ་གྱི་ངལ་ནུས་གཞན་སྒྱུར་ལས་ཞུགས་བྱེད་པའི་འགན་ཁུར་བ་དང་། རྐང་པ་གཞན་ཞིག་ནི་ངལ་ནུས་མངགས་གཏོང་ཀུང་སིས་འགན་འཁུར་བ་དང་། གཙོ་བོ་མཐོ་སློབ་སློབ་ཐོན་སློབ་མའི་མི་ཚོགས་ཀྱིས་གཙོ་གནད་དུ་བྱེད་པའི་ལས་གནས་གསར་སྤེལ་གྱི་ལས་འགན་ཁུར་རྒྱུ་རེད།
     དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་ལས་གནས་འཚོལ་བསྡུའི་ལས་དོན་ཧུར་ཐག་སྤེལ་བས། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་སྤྱི་ཚོགས་ནས་ལས་མི་སྤྱོད་པའི་དགོས་མཁོ་9300ལྷག་ཙམ་འཚོལ་བསྡུ་བྱས་པ་རེད། ལས་མི་སྤྱོད་རྒྱུར་སྐུལ་འདེད་གཏོང་བའི་བྱེད་སྒོ་ཏན་ཏིག་སྤེལ་བས། ངལ་ནུས་ཕྱིར་གཏོང་ཚོགས་འདུ་ཐེངས་6(དེའི་ནང་གྲོང་ཁུལ་གྱི་ཐེངས་4དང་རྫོང་ཁུལ་གྱི་ཐེངས་2)གཉེར་བ་དང་། ལས་གནས་1185མཁོ་འདོན་བྱས་ལ། ས་གནས་ས་ཐོག་ཏུ་ལས་ཞུགས་ཀྱི་འདོད་འདུན་729བཞག་པ་རེད། དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་དང་ལས་ཞུགས་མེད་པའི་ཁྱིམ་ཚང་270ལ་བཅར་འདྲི་བྱས་ནས། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་288ཐོ་འགོད་བྱས་པ་དང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་126ལ་ལས་ཞུགས་བྱེད་རོགས་བྱས་ཡོད། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣ་213ལ་ལས་ཞུགས་ཀྱི་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་རྒྱུར་རོགས་རམ་བྱས་པ་དང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་288ལ་ལས་ཞུགས་ཐད་ཀྱི་མཛུབ་ཁྲིད་བྱས་པ་རེད། སྤྱི་ཕན་རང་བཞིན་གྱི་ལས་གནས་རོགས་སྐྱོར་དང་ལས་ཞུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་37བཀོད་སྒྲིག་བྱས་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་ངལ་ནུས་མི་སྤྱོད་རྩ་འཛུགས་ཅན་དུ་བསྒྱུར་བའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས། ངལ་ནུས་མཁོ་སྤྲོད་ཕྱོགས་གཉིས་དབར་འབྲེལ་ཟམ་བཙུགས་ནས་ཁེ་ལས་ཀྱིས་ལས་མི་སྤྱོད་པའི་མཁོ་སྤྲོད་ཀྱི་གནས་ནོར་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་ཚད་མཐོ་ཤོས་ཀྱི་སྒོ་ནས་བེད་སྤྱོད་ཐུབ་པ་བྱས་ཡོད་པ་རེད།