འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་9ཉིན།

༄༅།།“གློག་ཤུགས་མཁའ་ལམ”ལ་རིག་ནུས་ཀྱིས་སྐོར་ཞིབ་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་09ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     2019ལོའི་ཟླ་7ཚེས་4ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་མངའ་ཁོངས་སུ་ཅང་སུའུ་དང་བོད་ལྗོངས་གློག་ཤུགས་ལས་གྲྭའི་ལག་རྩལ་པས་མཉམ་དུ་མི་མེད་གནམ་གྲུ་སྤྱད་དེ“གློག་ཤུགས་མཁའ་ལམ”བོད་དབུས་གློག་ཤུགས་དྲ་སྦྲེལ་ལས་གྲྭའི་ཆན་ཧྥུའུ་500ཡི་སྐུད་ལམ་ལ་མི་མེད་གནམ་གྲུས་རང་བརྟེན་ཞིབ་ཚགས་ཀྱི་རིག་ནུས་ཀྱིས་སྐོར་ཞིབ་ཐོག་མར་བྱས་པ་རེད།
མི་མེད་གནམ་གྲུའི་རང་བརྟེན་འཕུར་སྐྱོད་སྐོར་ཞིབ་བྱེད་སྐབས་རྒྱང་འཛིན་ཡོ་ཆས་སྤྱད་དེ་མི་ཐབས་ལ་བརྟེན་ནས་ཚོད་འཛིན་བྱེད་མི་དགོས་པར་མི་མེད་གནམ་གྲུས་སྔོན་ཚུད་ནས་བཀོད་སྒྲིག་བྱས་པའི་ལམ་ཐིག་བཞིན་ཁུག་ཆ་མེད་པར་ཏུའུ་360ཡི་སར་སྐོར་ཞིབ་ཞིབ་ཚགས་བྱས་པ་མ་ཟད། གཅུས་གཟེར་དང་། གཅུས་ཞྭ་སོགས་སྒྲིག་བཀོད་ལ་སྐྱོན་ཡོད་མེད་ཤེས་རྟོགས་ཞིབ་ཚགས་ཀྱང་བྱས་ཡོད། ལག་རྩལ་པས་མི་མེད་གནམ་གྲུས་དུས་ཐོག་ཏུ་པར་ལེན་བརྒྱུད་བསྐུར་བྱས་པའི་སྐུད་སྐོར་བརྙན་པར་ལ་བློ་རྩེ་གཅིག་སྒྲིམ་གྱིས་ལྟ་ཞིབ་དང་དབྱེ་ཞིབ་བྱས་ན་འགྲིག་གི་ཡོད། མི་མེད་གནམ་གྲུའི་སྐོར་ཞིབ་བྱེད་ཐབས་དེ་སྲོལ་རྒྱུན་གྱི་མི་ཐབས་ལ་བརྟེན་པའི་སྐོར་ཞིབ་ལས་ཉིན་རེའི་ཆ་སྙོམས་སྐོར་ཞིབ་ཀྱི་ལས་ཕྱོད་ཧ་ཅང་ཆེ་བ་ཡོད།