འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་8ཉིན།

༄༅༎བོད་རིགས་ཀྱི་གཞོན་ནུ་གསར་པས་གངས་ལྗོངས་ཀྱི་བྲོ་བ་ཚང་མ་ཀོག་ཧྥེ་ཕོར་པ་གང་ནང་བླུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་08ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བོད་རིགས་ཀྱི་གཞོན་ནུ་གསར་པས་གངས་ལྗོངས་ཀྱི་བྲོ་བ་ཚང་མ་ཀོག་ཧྥེ་ཕོར་པ་གང་ནང་བླུགས་པ།
    མི་དམངས་དྲ་བའི་འཕྲིན། ད་ལོ་ལོ་28ལ་སླེབས་པའི་བོད་རིགས་གཞོན་ནུ་མགོན་པོ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མོ་ལེ་གྲོང་རྡལ་ནས་ཡིན་པ་དང་། 2012ལོར་སློབ་ཆེན་མཐར་ཕྱིན་རྗེས་ཁོང་གིས་ཀོག་ཧྥེའི་རིག་གནས་རིམ་བཞིན་ཤེས་རྟོགས་བྱུང་ནས་ད་ཆ་ཟི་ལིང་གྲོང་ཁྱེར་དུ་བོད་པའི་ཉམས་འགྱུར་ལྡན་པའི་ཀོག་ཧྥེ་ཁང་ཞིག་བཙུགས་ཡོད་པ་རེད། ཚོང་ཁང་ནང་གི་བོད་བཟོའི་ཀོག་ཧྥེ་དཔེར་ན་ནས་ཀྱི་ན་ཐེ་དང་མར་གྱི་ཀོག་ཧྥེ་ནག་པོ་སོགས་ལ་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད།
    “ང་ཆུང་དུས་ནས་འབྲོག་ཁུལ་དུ་རྩམ་པ་དང་ཇ་བསྲུབས་མ་བཏུང་ནས་འཚར་ལོངས་བྱུང་བ་དང་། བྱིས་དུས་ཀྱི་དྲན་ཤེས་དེ་ཀོག་ཧྥེ་ནང་དུ་བསྲེས་ཆེད་ཚོད་ལྟ་མང་པོ་བྱས་པ་ཡིན་ཞེས་མགོན་པོ་ཚེ་རིང་གིས་གསར་འགོད་པར་བཤད་པ་དང་། “ལས་གཏོད་ཀྱི་བརྒྱུད་རིམ་དེ་ངལ་དུབ་དང་བདེ་སྐྱིད་བསྲེས་མ་ཞིག་ཡིན་ལ། ཉིན་ལྟར་ཚོང་ཁང་བསྡུ་གསོག་ཡག་པོ་བརྒྱབ་ནས་ཁྱིམ་དུ་ལོག་སྟེ་ཉལ་ཁྲིའི་ཐོག་ཉལ་མ་ཐག་གཉིད་དུ་ཡུར་སྲིད། ང་ལ་མཚོན་ན་བདེ་སྐྱིད་ཀྱི་བྱ་བ་ཞིག་རེད། འོན་ཀྱང་འཐུང་ཆ་ཕོར་གང་ལེགས་པོ་བཟོ་ནས་མགྲོན་པོར་བྲོ་བ་ཞིམ་པོ་མྱོང་དུ་བཅུག་དུས། ངར་མཚོན་ན་དེ་ནི་བདེ་སྐྱིད་ཀྱི་བྱ་བ་ཞིག་ཡིན་ནོ”ཞེས་བརྗོད།
༄༅༎བོད་རིགས་ཀྱི་གཞོན་ནུ་གསར་པས་གངས་ལྗོངས་ཀྱི་བྲོ་བ་ཚང་མ་ཀོག་ཧྥེ་ཕོར་པ་གང་ནང་བླུགས་པ།