འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་8ཉིན།

༄༅།།ཅང་ཤེས་རྟ་ཕོ་ཁྱེད་དལ་ཙམ་རྒྱུག་དང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་08ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ཆུ་རྫོང་ནི་བོད་རིགས་འདུས་སྡོད་ཀྱི་འབྲོག་ལས་རྫོང་ཞིག་རེད་ལ། ཀྲུང་གོའི་རྟ་གྲགས་ཅན་ཧུ་ཁུག་རྟ་ཐོན་གནས་གཙོ་བོ་ཞིག་ཀྱང་རེད།
ཧུ་ཁུག་རྟ་ནི་གཟུགས་སྟོབས་ཆེ་བ་དང་། གོམས་འདྲིས་བདེ་བ། རི་མཐོར་འཛེག་ཐུབ་པ། ཆུ་དང་རྩྭ་ཐང་དུ་རྒྱུག་ཤེད་ཆེ་བ་བཅས་གང་སར་སྐད་གྲགས་ཡོད་ཅིང་། རྟ་མཆོག་དེ་དང་། ནང་སོག་གི་ཧུ་གསུམ་རྟ། ཤིན་ཅང་གི་དབྱི་ལི་རྟ་གསུམ་ལ་ཀྲུང་གོའི་རྟ་གྲགས་ཅན་གསུམ་ཞེས་འབོད་སྲོལ་་ཡོད།