འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་5ཉིན།

༄༅།།ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ། དམ་འཛིན་ཏན་ཏིག ཕན་འབྲས་ཐོན་པ་བཅས་ཀྱི་སྒོ་ནས་
ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲཌ་པུའུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་
གྱུར་པུའུ་བཅས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་
བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་05ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིན་ཧུའེ་དང་། ཧོང་ཞའོ་ཤིས། ཝང་ཆི།
     ཉེ་དུས་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་བཅས་ཀྱིས་བརྗོད་དོན་གཙོ་བོའི་གཙོ་རྐང་ལ་དམིགས་ཏེ་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་དང་། གནད་དོན་ལ་འཛིན་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་སྒོ་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་རེད།
     ཀྲུང་དབྱང་རྩ་འཛུགས་པུས་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་གཏོང་རྒྱུ་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང་དུས་མཚུངས་རྩ་འཛུགས་པུའུ་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དམ་འཛིན་ནན་པོ་དང་ཏན་ཏིག་ཡག་པོ་བཅས་བྱས་ཡོད། པུའུ་ལས་དོན་ཚོགས་འདུའི་ཐོག་བརྗོད་དོན་གཙོ་བོའི་སློབ་གསོའི་གཞི་རྩའི་ལས་འགན་དང་། སྤྱིའི་བླང་བྱ། དམིགས་ཚད། གཙོ་གནད་བྱ་ཐབས། སྤྱོད་ཚུལ་གྱི་བླང་བྱ་བཅས་སྟངས་འཛིན་ནན་པོ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་གཙོ་རྐང་དེ་མངོན་གསལ་དོད་པོ་ཡོང་བ་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ་ཚད་གཞི་མཐོ་བ་དང་། བླང་བྱ་ནན་པ། དམ་འཛིན་ཏན་ཏིག ཕན་འབྲས་ཐོན་པ་བཅས་བྱ་རྒྱུའི་བླང་བྱ་བཏོན་ཡོད། ཀྲུང་དབྱང་རྩ་འཛུགས་པུའུ་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་གནད་བྱ་ཐབས་བཞི་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ནས་མཉམ་འདྲེས་ནུས་ལྡན་དང་། སྤྱི་འདོམས་སྐུལ་གཏོང་། སློབ་སྦྱོང་བྱེད་ཞོར་གྲལ་བཤེར་དང་དག་ཐེར་བྱས་པ་མ་ཟད། དང་ཐོག་ནས་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ཉན་བྱས་ཐོག་རྩ་འཛུགས་ཀྱི་ལས་དོན་དང་པུའུ་ལས་ཁུངས་རང་ངོས་འཛུགས་སྐྱོང་གནད་དོན་གྱི་གསལ་ཐོ་བཀོད་ཁར་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་གི་གཙོ་གནད་དག་ཐེར་གྱི་གནད་དོན་དང་དེ་བཞིན་འབྲེལ་ཡོད་བསམ་གཞིག་བྱེད་དགོས་རིགས་བཏོན་ནས་པུའུ་ནང་ཁུལ་གྱི་ཚན་པ་ཁག་གིས་འགན་ནུས་འགན་འཁྲི་དང་སྒྲུབ་བཞིན་པའི་བྱ་བ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་མ་གཏོང་བ་དང་མཛུབ་ཁྲིད་བྱེད་པའི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། 
     གནད་དོན་མངོན་གསལ་དོད་པོར་ཞིབ་ལྟ་བསམ་ཞིབ་བྱེད་པ། དག་ཐེར་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་བྱས་ཡོད།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཆབ་སྲིད་ཀྱི་ཚུགས་གནས་མཐའ་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཡོད། པུའུ་ཡི་ལས་དོན་ཚོགས་འདུའི་ཐོག ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། བརྗོད་དོན་གཙོ་བོ་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་ཐོག་སློབ་སྦྱོང་། ནན་ཏན་ངང་སློབ་སྦྱོང་བཅས་བྱ་རྒྱུར་དམིགས་རྒྱུ་མཐའ་འཁྱོངས་བྱེད་པ། ཆེད་དོན་བགྲོ་གླེང་འཛིན་གྲྭ་དང་པུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ་གཅིག་སྡུད་སློབ་སྦྱོང་དང་བགྲོ་གླེང་ནན་ཏན་བྱེད་པ། པུའུ་ཡི་ལས་དོན་ཚོགས་འདུའི་ཁོངས་མི་ཚོས་སློབ་སྦྱོང་གི་མྱོང་ཚོར་ཁག་སོ་སོར་གླེང་བ་དེས་ཚན་པ་ཁག་གི་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་སློབ་སྦྱོང་དེ་ཉིད་གནས་བབ་མངོན་གསལ་དོད་པོའི་ཐོག་ནུས་ལྡན་ངང་འཇོག་ཐུབ་པ་བྱུང་ནས་རང་ངོས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་དང་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུ་དམ་འཛིན་ཐུབ་པ་མ་ཟད། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད》རྩོམ་སྒྲིག་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གསར་འགྱུར་དྲིལ་བསྒྲགས་དང་གླེང་ཕྱོགས་ཁྲིད་སྟོན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་སྤེལ་བ་དང་། སེམས་ནང་ཟུག་པར་བྱེད་པ། ལག་ལེན་ཐོག་འཁྱོལ་བ་བཅས་བྱས་ཡོད།
     ཟླ་6ཚེས་10ཉིན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་པུའུ་ཡི་འགོ་ཁྲིད་ཚན་ཁག་གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་ཉེན་ཁ་དང་འགྲན་སློང་ལ་སྔོན་འགོག་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གི་རྩ་གནད》“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བཅས་ལ་དམིགས་ཏེ་པུའུ་ལྟེ་བའི་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་ཐེངས་གསུམ་བྱས་པ་རེད། སློབ་སྦྱོང་བྱེད་རིམ་བཞིན་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། གོ་དོན་དངོས་རྟོགས་པ་བཅས་མཐའ་འཁྱོངས་བྱས་ནས་པུའུ་ཚན་ཁག་གི་ཁོངས་མི་འགའ་ཞིག་གིས་ཁག་བགོས་ལས་ཀ་དང་ཟུང་འབྲེལ་གྱིས་གཏམ་བཤད་སྤེལ་བ་དང་། བློ་མཐུན་གཞན་གྱིས་སྤེལ་རེས་གཏམ་བཤད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཉིད་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་རྒྱུ་དང་ཟུང་འབྲེལ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཞིབ་འཇུག་བྱ་རྒྱུ་དང་ཟུང་འབྲེལ་གྱིས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་པ་རེད།