འཚོལ་བཤེར།   
藏文频道
2019ལོའི་ཟླ་7ཚེས་4ཉིན།

༄༅༎ལྷ་སར་བདུད་རྩི་བབས་བྱུང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 07ཚེས་04ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎ལྷ་སར་བདུད་རྩི་བབས་བྱུང་།
     མི་དམངས་དྲ་བའི་འཕྲིན། ཉིན་དེར་ཆར་པ་བབས་ཐེངས་ཤིག་གིས་ལྷ་སར་དབྱར་ཁའི་བསིལ་བ་བསྐྱལ་བྱུང་། ད་ལོའི་ཟླ་6པ་ནས་བཟུང་། བོད་ལྗོངས་ས་ཁུལ་མང་པོར་རྒྱུན་མཐུད་དུ་ཚ་བ་ཆེ་ཞིང་ཆར་ཆུ་དཀོན་པས་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། ཟླ་6པར་བོད་ལྗོངས་སུ་ཟླ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་30.5ལས་མེད། དེ་རྒྱུན་གཏན་ལས་57%ཉུང་དུ་ཕྱིན་ཡོད་པ་རེད། ཉེ་དུས་ཀྱི་གནམ་གཤིས་གནས་བབ་ལ་གཞིགས་ན། ཟླ་7ཚེས་3ནས་4ཉིན་བར་ཆར་པ་ཐེངས་གཅིག་འབབ་རྒྱུ་ཡིན་པས། བོད་ལྗོངས་གནམ་གཤིས་ལས་དོན་མི་སྣས་ཀྱང་མིའི་ཐབས་ལ་བརྟེན་ནས་ཆར་པ་འབེབས་པའི་ལས་དོན་སྤེལ་ནས་ས་ཁོངས་ཀྱི་ཆར་ཆུ་འབབ་ཚད་མངོན་གསལ་དོད་པོས་ཆེ་རུ་གྱུར་ཏེ་ལྷ་སའི་ཚ་བ་ཆེ་བ་དང་ཆར་ཆུ་དཀོན་པའི་གནས་ཚུལ་ནུས་ལྡན་ངང་ལེགས་བསྒྱུར་བྱུང་ཡོད།
【1】  【2】
༄༅༎ལྷ་སར་བདུད་རྩི་བབས་བྱུང་།