མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས“དོམ་ཁྲ་བུམ་པའི”རྩོམ་བསྡུའི་འགྲན་བསྡུར་ཆེ་མོའི་བྱ་དགའ་ཐོབ་མཁན་རི་
པིན་གྱི་གཞོན་ནུར་འཕྲིན་ལན་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་28ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རི་པིན་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་ཏ་པན་དབུ་ཚོགས་ལ་ཕེབས་ལ་ཉེ་བའི་སྐབས་སུ“དོམ་ཁྲ་བུམ་པའི”རི་པིན་ཧྲིལ་པོའི་གཞོན་ནུའི་རྩོམ་བསྡུའི་འགྲན་བསྡུར་ཆེ་མོའི་ཁྲོད་བྱ་དགའ་ཐོབ་མཁན་རི་པིན་གྱི་གཞོན་ནུ་ཀྲུང་ཏའོ་ཏ་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་བ་དང་དེ་བཞིན་ཁོང་གིས་ཀྲུང་རིའི་མཛའ་གྲོགས་བྱ་གཞག་ལ་སྨོན་འདུན་བཟང་པོ་ཞུ་ལུགས་སོགས་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཏའོ་ལ་འཕྲིན་ལན་སྤྲིངས་གནང་ནས་རྒྱལ་ཁབ་གཉིས་པོའི་གཞོན་ནུས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཁྱེད་ཀྱི་འཕྲིན་ཡིག་འབྱོར་བྱུང་། 
ཁྱེད་ཀྱིས་དུས་ཡུན་རིང་པོ་རྒྱ་ཡིག་སྦྱོང་བ་མ་ཟད། ཀྲུང་གོའི་རིག་གནས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། རྩོམ་བསྡུའི་འགྲན་བསྡུར་དང་ཀྲུང་གོར་བཅར་འདྲི་སྤེལ་རེས་བྱེད་པའི་བྱེད་སྒོར་ཞུགས་ཏེ་ཀྲུང་གོ་ཤེས་རྟོགས་བྱེད་ཤུགས་ཆེ་རུ་དང་ཀྲུང་གོའི་གྲོགས་པོའི་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་བ་ཤེས་རྟོགས་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཀྲུང་རི་ནི་ཐག་ཧ་ཅང་ཉེ་བའི་ཁྱིམ་མཚེས་རྒྱལ་ཁབ་རེད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་གཞི་རྩ་དམངས་ཁྲོད་དུ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་འབྱུང་འགྱུར་རེ་བ་གཞོན་རབས་ཚོར་བཅོལ་ཡོད། ཀྲུང་རི་རྒྱལ་ཁབ་གཉིས་པོའི་གཞོན་ནུ་ཚོས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བསམ་ཤེས་བྱ་ཤུགས་ཆེ་རུ་གཏོང་བ། ཕུགས་ཀྱི་མཛའ་གྲོགས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད། ཁྱེད་རང་ཀྲུང་རིའི་མཛའ་གྲོགས་བྱ་གཞག་ནང་དེ་བས་ཧུར་ཐག་ཞུགས་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། 

  
style="display:none;"