འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་27ཉིན།

༄༅།།རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བཞི་པ་ཨོ་ས་ཁ་རུ་འཚོག་རྒྱུ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་27ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བཞི་པ་ཨོ་ས་ཁ་རུ་འཚོག་རྒྱུ།
     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཚོགས་པ་ཉི་ཤུའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བཞི་པ་ཟླ་6ཚེས་28ཉིན་ནས་ཚེས་29ཉིན་བར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཚོགས་རྒྱུ་རེད། ཨོ་ས་ཁ་གྲོང་ཁྱེར་ནི་ཉི་ཧོང་གི་ཧོང་ཧྲུའུ་གླིང་ཕྲན་ལྷོ་ནུབ་ཀྱི་ཨོ་ས་ཁ་མཚོ་ཁུག་དང་སེ་ཐའོ་ནང་མཚོའི་མཚོ་འགྲམ་དུ་ཆགས་ཡོད། དེ་ནི་ཨོ་ས་ཁ་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་དང་། ཁན་སེ་ས་ཁུལ་གྱི་བཟོ་ཚོང་ལས་རིགས་དང་ཆུ་སྐམ་མཁའ་གསུམ་གྱི་འགྲིམ་འགྲུལ་ལྟེ་གནས་རེད། ཨོ་ས་ཁ་གྲོང་ཁྱེར་ནི་ཉི་ཧོང་གི་གྲོང་ཁྱེར་སྐོར་རིམ་ཆེན་པོ་གསུམ་གྱི་གྲས་ཤིག་སྟེ་ཁེན་ཁེ་གྲོང་ཁྱེར་སྐོར་རིམ་གྱི་ལྟེ་གནས་གྲོང་ཁྱེར་རེད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་225ཡོད་པ་དང་། མི་འབོར་ཁྲི་272ཡོད།
【1】  【2】  【3】  【4】  【5】
༄༅།།རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བཞི་པ་ཨོ་ས་ཁ་རུ་འཚོག་རྒྱུ།