འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་25ཉིན།

༄༅།།ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཛོམས་གནང་བ།

ཆེ་དགྲ་ལྷ་དང་།  ཏིང་ཡེ་ཤན། ཀྲོང་ཡན་བཅས་མཉམ་དུ་མཇལ་འཛོམས་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་25ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཛོམས་གནང་བ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་མཛའ་བརྩེའི་ངང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་མཇལ་འཛོམས་གནང་བ་རེད།
     བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཀྲོང་ཡན། བསྟན་ཁོ། ལིའུ་ཅང་བཅས་ཀྱིས་མཉམ་དུ་མཇལ་འཛོམས་གནང་སྐབས་ཞུགས་ཡོད་པ་རེད།
     ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་།  སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལྗོངས་སུ་ཆོས་ཕྱོགས་ཀྱི་མཛད་སྒོ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བར་ཕེབས་པར་དགའ་བསུ་ཞུས་པ་རེད། ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བོད་ལྗོངས་སུ་བཞུགས་རིང་གཞི་རིམ་དུ་ཕེབས་པ་དང་། མང་ཚོགས་ཀྱི་སར་ཕེབས་པ། ཕ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། དགོན་པའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད། སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཤེས་རྟོགས་གཏིང་ཟབ་གནང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་ཐོབ་པའི་གྲུབ་འབྲས་གསར་པ་སྐུ་ངོ་མས་མྱོང་ཚོར་གནང་བ་དང། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ངར་ཤུགས་གཅིག་སྒྲིམ། འབད་བརྩོན་ཆེན་པོས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལྐུལ་འདེད་གཏོང་བའི་བསམ་པའི་ཉམས་འགྱུར་བཟང་པོ་བཅས་སྐུ་ངོ་མས་མྱོང་ཚོར་ཡོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།        ཝུའུ་དབྱིང་ཅེས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་སྐབས་གསར་པའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་དང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པའི་"མཛུན་སྟོན་གལ་ཆེན་ཡིད་ལ་བརྟན་པོར་འཆང་ནས། ཀྲུའུ་ཞི་ཝང་དབྱང་གི་རེ་བ་དང་བླང་བྱ་ལྟར། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་གནང་ནས། མེས་རྒྱལ་སེམས་ལ་འཆང་བ་དང་།  མི་དམངས་ཐུགས་ལ་བཞག་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་བཅས་གཏོང་བའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་ལས་རིགས་ལ་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། རང་ཉིད་ཀྱི་ཉེ་དུས་ཀྱི་སྒོམ་སྒྲུབ་དང་སློབ་སྦྱོང་གི་གནས་ཚུལ་ངོ་སྤྲོད་གནང་བ་རེད། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བསྟན་དོན། ཆོས་ལ་དགའ་ཞེན་བྱེད་མཁན་གྱིས་ངེས་པར་དུ་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ་དང་།   མི་དམངས་ལ་དགའ་ཞེན་བྱེད་མཁན་གྱིས་ངེས་པར་དུ་ཏང་ལ་དགའ་ཞེན་བྱེད་པ། རང་ཉིད་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་མིག་དཔེ་ཞུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་རེ་ནན་པོ་ཆུད་ཟོས་སུ་མི་གཏོང་བ་དང་།   རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། རྒྱལ་གཅེས་ཆོས་གཅེས་དང་། རྒྱལ་སྲུང་དམངས་ཕན། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་དགེ་མཚན་ལྡན་པའི་སྣེ་ཁྲིད་བྱེད་པ། བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ལ་ཐོབ་པར་དཀའ་བའི་མཛེས་སྡུག་ལྡན་པའི་འཚོ་བར་སྔར་བས་གཅེས་སྤྲས་བྱེད་པ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་ནས། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེལ་འབུལ་རྒྱུའི་སློབ་གསོ་གཏོང་རྒྱུ་ཡིན་པ་བསྟན་གནང་བ་རེད།
    སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ས་ལུང་ཕུན་ལགས་།  བསོད་ནམས་རིག་འཛིན་བཅས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།