འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅།།ཝང་ཝེ་ཏུང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་སྒྲིག་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་19ཉིན། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས། བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འགོ་ཁྲིད་བློ་མཐུན་གཙོ་བོའི་འགན་བཞེས་ཐག་གཅོད་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཝང་ཝེ་ཏུང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཡི་འགན་བཞེས་པ་དང་། ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མིར་མིང་བཏོན།
     བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཞན་གྱིས་གསུངས་བཤད་གནང་བ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲེན་ཡུང་ཆི་ཡིས་བློ་མཐུན་ཝང་ཡུང་ཅུན་དང་ཝང་ཝེ་ཏུང་གི་གོ་གནས་བསྐོ་འཐེན་སྐོར་གྱི་ཀྲུང་དབྱང་གི་ཐག་གཅོད་སྒྲོག་སྦྱང་བྱས།
    ཏིང་ཡེ་ཞན་གྱིས་བསྟན་དོན། ཟླ་5པའི་ཟླ་མཇུག་ཏུ། ཀྲུང་དབྱང་གིས་བློ་མཐུན་ཝང་ཡུང་ཅུན་ཧྲའན་ཞི་ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལ་ལས་གནས་བསྒྱུར་ཞིང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མིར་མིང་བཏོན་པས། ཀྲུང་དབྱང་གིས་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པ་ལ་ཡིད་ཆེས་ཆེན་པོ་དང་དམིགས་བསལ་གྱི་སེམས་ཁུར་བྱེད་ཀྱི་ཡོད་པ་མཚོན་ཡོད། ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་།  བློ་མཐུན་ཝང་ཡུང་ཅུན་གྱི་ཐད་ཀའི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ཤིང་། ཏང་ཨུད་ལ་རམ་འདེགས་བྱས་ནས་འགན་འཁྲི་གཙོ་བོ་དོན་ཐོག་འཁྱོལ་བ་དང་། ཁྱོན་ཡོངས་ནས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ནས། གངས་ལྗོངས་མཐོ་སྒང་དུ་དྭངས་ཤིང་གཙང་བའི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཝང་ཡུང་ཅུན་གྱི་བྱ་གཞག་ལ་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད། 
     ཏིང་ཡེ་ཞན་གྱིས། བློ་མཐུན་ཝང་ཝེ་ཏུང་གི་ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་། “འདུ་ཤེས་བཞི”སྲ་བཞེངས་དང་།  “ཡིད་རྟོན་བཞི”སྲ་བརྟན་ཡིན་པ། “སྲུང་སྐྱོང་གཉིས”བྱེད་ཐུབ་ཡོད་ལ། ཀྲུང་དབྱང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། ཀྲུང་དབྱང་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་རྣམ་འགྱུར་བརྟན་པོ་དང་། བྱ་སྤྱོད་ལ་ནུས་པ་ལྡན་པ། སྤྱོད་ཚུལ་དངོས་གཉེར་ཡིན་པ། རྩ་དོན་རང་བཞིན་ཆེ་ཞིང་། རྩ་འཛུགས་སྙོམས་སྒྲིག་གི་ནུས་པ་དང་། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་ནུས་པ་དང་འགན་འཁུར་གྱི་སྙིང་སྟོབས་ཅུང་ཆེན་པོ་ལྡན་པའི་བླང་བྱ་ཡོད། ཐེངས་འདིར་ཀྲུང་དབྱང་གིས་ལས་ཀའི་དགོས་མཁོ་ལ་གཞིགས་ནས། བློ་མཐུན་ཝང་ཝེ་ཏུང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི་ལ་བསྐོས་ཤིང་། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མིར་མིང་བཏོན། དེས་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་དང་ཁྱད་པར་དུ་བོད་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་མཐོང་ཆེན་དང་སེམས་ཁུར་རྒྱབ་སྐྱོར་བྱས་པ་མཚོན། བློ་མཐུན་ཝང་ཝེ་ཏུང་གིས་ཧྲུའུ་ཅི་ཝུའུ་དབྱིན་ཅེ་ཡིས་གཙོ་བོ་བྱས་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག་དང་། ལྗོངས་སྒྲིག་ཨུ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་སྐབས་རེ་རེས་བཞག་པའི་རྨང་གཞི་བརྟན་པོའི་ཐོག  བོད་རང་སྐྱོང་ལྗོངས་སྒྲིག་ཨུ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་པ་དང་མཐུན་སྒྲིལ་བྱས་ཏེ། འགན་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་བསྒྲུབས་ནས། ཁྱོན་ཡོངས་ནས་ཏང་ནན་པོར་སྐྱོང་བ་ལ་རྒྱལ་ཁ་སྔར་ལས་ཆེན་པོ་མུ་མཐུད་ལེན་པའི་ཡིད་ཆེས་ཡོད་ཅེས་བསྟན།
     ཝང་ཝེ་ཏུང་གིས་རང་གི་རྣམ་འགྱུར་སྟོན་པའི་གཏམ་བཤད་སྤེལ་བའི་སྐབས་སུ། བོད་ལྗོངས་མི་དམངས་ཀྱི་ཁྱིམ་གཞིས་ཆེན་པོའི་ནང་གི་ཁོངས་མི་ཞིག་དང་། བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་འཐབ་ཕྱོགས་ཐོག་གི་དམག་མི་གསར་པ་ཞིག་ཡིན་པའི་ཆ་ནས། ངས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་འོས་འགན་ཡིད་ལ་བཟུང་ནས། བོད་ལྗོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་གང་མགྱོགས་ངང་གོམས་པར་བྱེད་པ་དང་། ཚོགས་པ་གསར་པའི་ནང་དུ་གང་མགྱོགས་ཀྱིས་མཉམ་དུ་ཞུགས་པ། ནུས་ཤུགས་ཡོད་རྒུས་འོས་འགན་བསྒྲུབས་ཏེ། རྩ་འཛུགས་ཀྱི་ཡིད་ཆེས་དང་རེ་བ་སྟོང་ཟད་དུ་མི་གཏོང་ལ། བོད་ལྗོངས་མི་རིགས་སོ་སོའི་མི་དམངས་ཀྱི་རེ་བའང་སྟོང་ཟད་དུ་མི་གཏོང་ཞེས་བཤད།