མི་དམངས་དྲ་བ།

༄༅༎ལི་ཀྲན་ཧྲུའུ་ཡིས་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྥུའུ་ལེ་ཀོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་6ཚེས་19ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོར་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྥུའུ་ལེ་ཀོ་དང་མཇལ་འཛོམས་གནང་བ།

ཟླ་6ཚེས་19ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོར་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྥུའུ་ལེ་ཀོ་དང་མཇལ་འཛོམས་གནང་བ།

     མི་དམངས་དྲ་བའི་འཕྲིན། ཚེས་19ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོར་ཕ་ན་མའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨ་ཧྥུའུ་ལེ་ཀོ་དང་མཇལ་འཛོམས་གནང་བ་རེད།
     ལི་ཀྲན་ཧྲུའུ་ཡིས་2017ལོའི་ཟླ་6པར། ཀྲུང་ཕའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད་པ་རེད། ལོ་གཉིས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པ་ལེ་ལ་ཡིས་ཐུན་མོང་ཐོག་སྣེ་ཁྲིད་གནང་བའི་འོག་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་ཡག་པོ་བྱུང་ཡོད་ལ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད་ཅིང་། དངོས་སྒྲུབ་མཉམ་ལས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད། ཕ་ན་མ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་དང་དེའི་ནང་ཞུགས་སྔ་ཤོས་ཀྱི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཡིན་ལ། ས་ཁོངས་ནང་གི་རྒྱལ་ཁབ་ལ་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། དོན་དངོས་ཀྱི་ཐོག་ནས་ཀྲུང་ཕའི་མཛའ་གྲོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་གནས་དྲང་གནས་ཀྱི་ཕན་པ་སྐྲུན་ཡོད་པ་ར་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ན་མ་སྲིད་གཞུང་གསར་པ་དང་མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཨ་ཧྥུའུ་ལེ་ཀོས་ཕ་ན་མ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་གི་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འཛུགས་སྒྲིག་གཞི་དང་སྲིད་ཏང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཧའོ་མིང་ཅིན་མཇལ་འཛོམས་གནང་སྐབས་ལྷན་དུ་ཞུགས་ཡོད་པ་རེད།

  
style="display:none;"