འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅༎བཀྲ་ཤིས་དབང་མོའི“མིག་ཤེལ་ཐོག་མ”།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎བཀྲ་ཤིས་དབང་མོའི“མིག་ཤེལ་ཐོག་མ”།
     མི་དམངས་དྲ་བའི་འཕྲིན། ད་ལོའི་ཟླ་4པར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་གིས་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཐོག་མའི་ཞིབ་བཤེར་བྱེད་དུས།  སློབ་མ་1800ལྷག་གི་མིག་ཤེད་ལ་སྐྱོན་ཡོད་པ་ཤེས་རྟོགས་བྱུང་ཡོད། མི་རིགས་བཅའ་སྡོད་སློབ་ཆུང་གི་ལོ་རིམ་བཞི་པའི་སློབ་མ་སྟེ་ལོ་10ལ་སླེབས་པའི་བཀྲ་ཤིས་དབང་མོ་ནི་དེའི་གྲས་སུ་ཚུད་ཡོད། 
     གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། མཛོད་དགེ་རྫོང་དང་ཆ་སྒྲིག་པའི་ཀྲེ་ཅང་ཞིང་ཆེན་ཅ་ཞིན་གྲོང་ཁྱེར་ནན་ཧུའུ་ཆུས་ཀྱིས་མིག་ཤེལ་གྱི་ཁེ་ལས་དག་རྩ་འཛུགས་བྱས་ཏེ་མཛོད་དགེ་རྫོང་དུ་སྤྱི་ཕན་འོད་བཤེར་དང་མིག་ཤེལ་བཟོ་བའི་བྱེད་སྒོ་སྤེལ་ཞིང་། ཞང་གྲོང་15ཡི་དགེ་སློབ་ཚོར་ཡུལ་དངོས་སུ་རིན་མེད་མིག་ཤེལ་བཟོས་ཡོད། ཟླ་6ཚེས་17ཉིན། བཀྲ་ཤིས་དབང་མོ་ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོའི་ས་གནས་ཏེ་མཛོད་དགེ་རྫོང་སློབ་འབྲིང་དུ་ཡོང་ནས་འོད་བཤེར་ནས་མིག་ཤེལ་བཟོས་པས་རང་ཉིད་ཀྱི“མིག་ཤེལ་ཐོག་མ་”དེ་ཐོབ་ཡོད།
【1】  【2】  【3】  【4】
༄༅༎བཀྲ་ཤིས་དབང་མོའི“མིག་ཤེལ་ཐོག་མ”།