འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅༎རྒན་གྱའི་བྲག་དཀར་ཕུག་པ་ནི་མིག་སྔའི་བར་ཤེས་རྟོགས་བྱུང་བའི་མཚོ་བོད་ས་མཐོའི་གནའ་དཔྱད་རྗེས་ཤུལ་སྔ་ཤོས་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རྒན་གྱའི་བྲག་དཀར་ཕུག་པ་ནི་མིག་སྔའི་བར་ཤེས་རྟོགས་བྱུང་བའི་མཚོ་བོད་ས་མཐོའི་གནའ་དཔྱད་རྗེས་ཤུལ་སྔ་ཤོས་ཡིན་པ།
     ཉེ་ཆར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཁྲེན་ཧྥ་ཧུའུ་དང་ལན་ཀྲོའུ་སློབ་ཆེན་ཐོན་ཁུངས་ཁོར་ཡུག་སློབ་གླིང་གི་ཞིབ་འཇུག་ཚོགས་པས་གནའ་དཔྱད་གྲུབ་འབྲས་གསར་ཤོས་ཏེ་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཁོངས་ཀྱི་རྒན་གྱའི་བྲག་དཀར་ཕུག་པ་ནི་མིག་སྔའི་བར་ཤེས་རྟོགས་བྱུང་བའི་མཚོ་བོད་ས་མཐོའི་གནའ་དཔྱད་རྗེས་ཤུལ་སྔ་ཤོས་རེད་ཅེས་ཁྱབ་བསྒྲགས་བྱས་ཤིང་། འདི་ནི“བསང་ཆུ་བའི་ཞིབ་འཇུག་གྲུབ་འབྲས་འོས་སྦྱོར་ཚོགས་འདུ་དང་རིགས་གཅིག་མཁས་ཅན་གྱི་བློ་འདྲི་བགྲོ་གླེང་ཚོགས་འདུའི”ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་འགྲེམས་སྟོན་རྡོ་ཆས་ལ་ལྟ་བཞིན་པ།