འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅།།“ལྟ་ཉན་ཀྲུང་གོའི”2019ལོའི་རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་ཀྱི་སྤེལ་རེས་ཚོགས་འདུ་
སིང་ཀ་ཕོར་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། “ལྟ་ཉན་ཀྲུང་གོའི”2019ལོའི་རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་ཀྱི་སྤེལ་རེས་ཚོགས་འདུ་ཚེས་18ཉིན་སིང་ཀ་ཕོར་གྱི་ཨེ་ཤེ་ཡའི་རླུང་འཕྲིན་བརྙན་འཕྲིན་སྒྲིག་ཆས་འགྲེམས་ཚོཌ་ཐོག་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་། ཚོགས་ཞུགས་པ་ཚོས“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་འོག་གི་རྒྱལ་སྤྱིའི་རླུང་འཕྲིན་བརྙན་འཕྲིན་ཐོན་ལས་མཉམ་ལས་སོགས་ཀྱི་བརྗོད་གཞིར་གྲོས་བསྡུར་བྱས་པ་རེད།
     ད་ཐེངས་ཀྱི་ཚོགས་འདུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་རྒྱལ་སྤྱི་དཔལ་འབྱོར་ལག་རྩལ་མཉམ་ལས་སྤྱི་ཁྱབ་ཀུང་སིས་གཉེར་འགན་འཁུར་བ་ཞིག་རེད། དེ་ནི་ཀྲུང་གོའི་མཉམ་འབྲེལ་འགྲེམས་སྟེགས་རྒྱལ་སྤྱིའི་གཙོ་རྒྱུན་རླུང་འཕྲིན་བརྙན་འཕྲིན་ལག་རྩལ་སྒྲིག་ཆས་འགྲེམས་ཚོགས་ཐོག་ཞུགས་ཐེངས་དང་པོ་རེད། 
     ཀྲུང་གོ་རླུང་འཕྲིན་བརྙན་འཕྲིན་རྒྱལ་སྤྱི་དཔལ་འབྱོར་ལག་རྩལ་མཉམ་ལས་སྤྱི་ཁྱབ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་སུན་ཧོ་ལིན་གྱིས་སྤེལ་རེས་ཚོགས་འདུའི་ཐོག་ཤིས་ཚིག་གསུང་སྐབས། སིང་ཀ་ཕོར་གྱི་ཨེ་ཤེ་ཡའི་རླུང་འཕྲིན་བརྙན་འཕྲིན་སྒྲིག་ཆས་འགྲེམས་ཚོགས་ནི་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་པའི་རླུང་འཕྲིན་བརྙན་འཕྲིན་འགྲེམས་ཚོགས་ཀྱི་གྲས་ཤིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི“ལྟ་ཉན་ཀྲུང་གོའི”སྤེལ་རེས་ཚོགས་འདུ་གོ་སྐབས་སུ་བྱས་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་རླུང་འཕྲིན་བརྙན་འཕྲིན་ལས་རིགས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་བ་དང་རྒྱལ་ཁབ་ཁག་གི་རླུང་འཕྲིན་བརྙན་འཕྲིན་ཁྲོམ་ར་དང་སྦྲེལ་མཐུད་བྱས་ནས་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
     ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་རླུང་འཕྲིན་མནའ་འབྲེལ་ལག་རྩལ་པུའི་ཀྲུའུ་རེན་ཨེ་ཧ་མའེ་ཏེ·ན་ཏའེ་མོ་དང་རྒྱལ་སྤྱིའི་རླུང་འཕྲིན་བཟོ་སྐྲུན་ཚོང་པའི་མཐུན་ཚོགས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་གཙོ་གཉེར་བ་པི་ཏི·པུའུ་ལུའུ་སི་སོ་སོས་“རླུང་འཕྲིན་དང་བརྙན་འཕྲིན་གྱི་འཕེལ་ཕྱོགས”དང“ཀྲུང་གོའི་རླུང་འཕྲིན་དང་བརྙན་འཕྲིན་སྨྱན་སྦྱོར་གྱི་ཐོན་ལས་ལག་རྩལ་གྱི་གནས་ཚུལ་རགས་བསྡུས”ཐད་དབྱེ་ཞིབ་དང་གྲོས་བསྡུར་ཞིབ་ཕྲ་བྱས་པ་རེད།