འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅།།འཕྲལ་སྡོམ་དོ་དམ་པུས་སི་ཁྲོན་ཁྲང་ཉིང་གི་ཡོམ་འགོག་གེཌ་སེལ་ལས་དོན་ལ་མཛུབ་ཁྲིད་བྱས་པ། ཀྲུང་
དབྱང་གི་གེགས་སེལ་དངོས་ཟོག་བསྟུད་མར་གནོད་འཚེ་ཕོག་ཁུལ་དུ་དབོར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། ཚེས་18ཉིན་གྱི་ཆུ་ཚོད་16བར། སི་ཁྲོན་ཁྲང་ཉིང་གི་ས་ཡོམ་ནང་མི་13རྐྱེན་ལམ་དུ་ཤོར་བ་དང་། མི་199ལ་རྨས་སྐྱོན་ཕོག་པ། མི་142832ལ་གནོད་འཚེ་ཕོག་པ། ཁང་མིག་73བརྡིབས་པ། ཁང་མིག་19ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ། ཁང་མིག་12723ལ་གཏོར་སྐྱོན་ཆུང་ཙམ་ཕོག་པ། མི་8447བཀོད་སྒྲིག་གནས་སུ་མགྱོགས་མྱུར་སྤོས་པ་བཅས་རེད། མེ་ཟོན་བཀོད་འཐབ་པ་ཚོས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱས་པ་བརྒྱུད། ཁང་པའི་འོག་བསྣན་པའམ་ཉེན་གྱར་མང་ཚོགས་20བསྐྱབས་པ་དང་མང་ཚོགས་731ཁ་འགྲེམས་བྱས་པ་རེད།
     ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲེང་ཏུའུ་མཛོད་ཁང་གིས་གེགས་ཁུལ་མང་ཚོགས་ལ་གུར་5000དང་། ལྟེབ་ཁྲི་10000 སྲིན་བལ་མལ་ཆས་20000བཅས་བསྟུད་མར་དབོར་ཅིང་། ཚེས་18ཉིན་གྱི་ཆུ་ཚོད་12བར། གུར་450དང་། ལྟེབ་ཁྲི་900 སྲིན་བལ་ཉལ་ཆས་3700བཅས་སྤྲད་པ་རེད།
     ས་ཡོམ་བརྒྱབ་རྗེས། འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་མུ་མཐུད་གནས་ཚུལ་བརྟག་དཔྱད་དང་ཡོམ་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་བྱས་པ་དང་འབྲེལ། རོགས་སྐྱོབ་ལས་དོན་ཚོགས་ཆུང་ཡོམ་ཁུལ་དུ་བཏང་ནས་རོགས་སྐྱོབ་གེགས་སེལ་དང་གནོད་འཚེའི་གནས་ཚུལ་གྱི་བརྟག་དཔྱད་ཚོད་སྐོར་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་མེ་ཟོན་རྒུད་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ཉིང་ལག་རུ་ཁག་10བསྡུ་རུབ་བྱས་ཏེ་མེ་ཟོན་རླངས་འཁོར་116དང་མི་526གེགས་ཁུལ་དུ་བཏང་བ་དང་། སི་ཁྲོན་ནགས་ཚལ་མེ་ཟོན་དཔུང་ཁག་གིས་རླངས་འཁོར་17དང་སྒྲིག་ཆས་སྣ་ཚོགས་703འཁྱེར་བའི་མི་154ཡོམ་ཁུལ་དུ་བཏང་བ། ཡོམ་ཁུལ་འགྲམ་གྱི་རྒྱལ་ཁབ་གཏེར་རི་འཕྲལ་སྡོམ་རྒུད་སྐྱོབ་རུ་ཁག་12ཀྱིས་མི་172ཡོམ་ཁུལ་དུ་བཏང་ནས་མི་སྣ་འཚོལ་སྐྱོབ་དང་གེགས་སེལ་ལས་དོན་སྤེལ་བ། ཀྲུང་གོ་ས་ཡོམ་ཅུས་ཀྱིས་མི་80བཏང་ནས་གེགས་ཁུལ་གྱི་གནས་ཚུལ་ལྟ་བཤེར་དང་གྱོང་གུན་ལ་ཚོད་སྐོར་སོགས་ཀྱི་ལས་དོན་སྤེལ་བ། འཕྲལ་སྡོམ་དོ་དམ་པུའུ་རང་བྱུང་ཐོན་ཁུངས་པུའུ་དང་ཆུ་བེད་པུའུ་སོགས་འབྲེལ་ཡོད་ཕྱོགས་དང་མཐུན་སྦྱོར་བྱས་ཏེ་ཡོམ་ཁུལ་མཐའ་འཁོར་གྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གནས་སུ་ཐོག་མར་གྲལ་བཤེར་དང་ཞོར་སྐྱོན་འགོག་པའི་ལས་དོན་སྤེལ་བ་རེད།