འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅།།“ནན་ཤོས་བཞིའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བཟའ་བཅའི་བདེ་འཇགས་
སྲུང་སྐྱོང་གི་འགོག་རགས་བརྟན་པོ་མཉམ་དུ་སྐྲུན་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་18ཉིན། 2019ལོའི་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་པེ་ཅིང་དུ་གཉེར་ཞིང་། རྒྱལ་དོན་ཨུ་ཡོན་ཝང་ཡུང་ཕེབས་པ་དང་གསུང་བཤད་གནང་བ་རེད། ཁོང་གིས་བཟའ་བཅའི་བདེ་འཇགས་ཀྱི“ནན་ཤོས་བཞིར”ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཀྱི་དགོངས་པ་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱེད་པ། བཟའ་བཅའི་བདེ་འཇགས་ཀྱི་དེང་རབས་ཅན་གྱི་བཅོས་སྒྲིག་མ་ལག་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བཟའ་བཅའི་སྤུས་ཚད་བདེ་འཇགས་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་བ་བཅས་ཀྱི་སྒོ་ནས་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཝང་ཡུང་གིས་ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་གནས་ཚུལ་སྤྱིའི་ཆར་བརྟན་ཞིང་ལེཌ་ཀྱང་མངོན་གསལ་དོད་པའི་གནད་དོན་དང་འགལ་བ་སྔར་བཞིན་མི་ཉུང་བ་ཞིག་གནས་ཡོད་པས་བཟའ་བཅའི་བདེ་འཇགས་བཅོས་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“ནན་ཤོས་བཞི”གཞི་རྩའི་བསྲུང་བྱར་བརྩིས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྡོམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། བཟའ་བཅའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ། བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་མ་གནས་མཐོ་རུ་བཏང་བར་ཆད་པ་ནན་པོ་གཅོད་པ་བཅས་བྱེད་དགོས། བཟའ་བཅའི་ཁེ་ལས་ཀྱི་ཁ་དན་ཚིག་གནས་ཀྱི་མ་ལག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱི་བཟའ་བཅའི་སྤུས་ཚད་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ། ཁེ་ལས་ཀྱི་སྒྲིག་བརྩི་ཁྲིམས་སྲུང་དང་། ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་། འདྲ་མཉམ་འགྲན་རྩོད་བཅས་ལ་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་ཁྱོན་ཡོངས་ཀྱིས་བཟའ་བཅའི་བདེ་འཇགས་ལ་མཉམ་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ་བཟའ་བཅའི་བདེ་འཇཌ་ཀྱི་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱས་ནས་མི་ཚང་མས་སེམས་ཁུར་དང་། མི་ཚང་མ་ཞུགས་པ། མི་ཚང་མས་བཟའ་བཅའི་བདེ་འཇགས་སྲུང་སྐྱོང་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།