འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་20ཉིན།

༄༅།།རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་དྲ་རྒྱའི“ཆགས་སྲེད་དང་འབྲེལ་བའི”ཆ་འཕྲིན་
བཅོས་སྒྲིག་བྱེད་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་20ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་དང་པོ་ནས་བཟུང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་ཆེད། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་རྒྱལ་ཡོངས་སུ་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་ནས་དྲ་རྒྱའི་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་སྣ་ཚོགས་ལ་རྒྱུན་མཐུད་བཅོས་སྒྲིག་བྱེད་རྒྱུ་རེད། ཟླ་6ཚེས་12ཉིན་བར་རིམ་རྩིས་བྱས་ན། ཆགས་སྲེད་གཡེམ་འཆལ་དང་རྒྱན་འགྱེད་ཁ་བསླུས་སོགས་གནོད་ལྡན་ཆ་འཕྲིན་དུང་ཕྱུར་1.1ལྷག་ཙམ་གཙང་སེལ་བྱས་པ་དང་། དྲ་ཚིགས་སྣ་ཚོགས་སུ་ཆགས་སྲེད་དང་འབྲེལ་བ་དང་མ་རབས་ཐ་ཤལ་བརྒྱུད་སྤེལ་དང་དཀྲོག་གཏམ་བཟོ་བ་སོགས་ཀྱི་ཆ་འཕྲིན་སྤེལ་བའི་ཁྲིམས་འགལ་སྒྲིག་འགལ་གྱི་རྩིས་ཨང་ཁྲི་118ལྷག་ཙམ་བསུབ་པ། གྲབས་ཐོ་བཀོད་པའི་དྲ་ཚིགས་4644བཀག་པ་དང་མེད་པ་བཟོས་པ་མ་ཟད། དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་སུ་ཆགས་སྲེད་དང་། རྒྱན་འགྱེད། དུག་འཐེན་བཅས་ཀྱི་ཁུངས་སྣེ་ཁག་གཅིག་རྩིས་སྤྲད་པ་རེད།