འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།མཚོ་སྔོན་གྱི་མདོ་ལ་རིང་མོར་ཁྲུང་ཁྲུང་སྐེ་ནག་འཕུར་ལྡིང་བྱེད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་སྔོན་གྱི་མདོ་ལ་རིང་མོར་ཁྲུང་ཁྲུང་སྐེ་ནག་འཕུར་ལྡིང་བྱེད་པ།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི་མདོ་ལ་རིང་མོའི་མེ་ཏོག་མཚོའི་ངང་པའི་འདམ་ར་རུ། ཁྲུང་ཁྲང་སྐེ་ནག་གཉིས་གནས་དེར་བབ་སྡོད་བྱས་པ་དང་།  དེ་གཉིས་ཀྱི་སྤྱི་གཙུག་དམར་ཞིང་།  སྒྲོ་ཧ་ཅང་དཀར་པོ་ཡོད། མཚམས་རེ་མཚོ་འགྲམ་དུ་རྩེད་མོ་རྩེ་བ་དང་། མཚམས་རེ་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་པ།  རྐང་པ་གཉིས་ཁྲ་ཞིང་མཛེས་པས། མི་རྣམས་ཀྱི་ཡིད་དབང་དབང་མེད་དུ་འཕྲོག་གི་ཡོད།
     ཁྲུང་ཁྲུང་སྐེ་ནག་ནི་རང་རྒྱལ་གྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་། མི་རྣམས་ཀྱིས་དེ་ལ་“བྱ་རིགས་ཀྱི་དོམ་ཁྲ”ཞེས་འབོད་པ་དང་།  ཀྲུང་གོའི་ཚན་རྩལ་དྲ་ཚིགས་ལས་མངོན་པ་ལྟར་ན། མིག་སྔར། འཛམ་གླིང་ཡོངས་སུ་ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་ཁྲི་1ཡང་ཟིན་གྱི་མེད་པ་རེད། ཁྲུང་ཁྲུང་སྐེ་ནག་འཚོ་གནས་བྱེད་ཡུལ་ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་2500-5000བར་གྱི་མཐོ་སྒང་གི་འདམ་ར་དང་། མཚེའུ།  དེ་བཞིན་ཆུ་བོའི་འགྲམ་གྱི་ས་ཁུལ་ཡིན་ཞིང་། འཛམ་གླིང་ཐོག་གི་མཐོ་སྒང་གཅིག་པུར་སྐྱེ་འཚར་བྱེད་པའི་ཁྲུང་ཁྲུང་གི་རིགས་ཤིག་རེད། ཁྲུང་ཁྲུང་སྐེ་ནག་“གཙང་གསུམ་ཆུ་འགོ”ནས་མཐོང་བ་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཡག་ཏུ་འགྲོ་བ་མཚོན་གྱི་ཡོད་པ་རེད།
【1】  【2】  【3】  【4】  【5】
༄༅།།མཚོ་སྔོན་གྱི་མདོ་ལ་རིང་མོར་ཁྲུང་ཁྲུང་སྐེ་ནག་འཕུར་ལྡིང་བྱེད་པ།