འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅༎ལི་ཁེ་ཆང་གིས་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨའེ་སི་ཕི་ནུའོ་ས་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་6ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་ཀྲུང་ནན་ཧའེ་ཡི་ཙི་ཀོང་ཀེ་རུ་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨའེ་སི་ཕི་ནུའོ་ས་དང་མཇལ་འཛོམས་གནང་བ།
ཟླ་6ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་ཀྲུང་ནན་ཧའེ་ཡི་ཙི་ཀོང་ཀེ་རུ་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨའེ་སི་ཕི་ནུའོ་ས་དང་མཇལ་འཛོམས་གནང་བ།
     མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་གྱི་སྔ་དྲོ་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧའེ་ཡི་ཙི་ཀོང་ཀེ་རུ་སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཨའེ་སི་ཕི་ནུའོ་ས་དང་མཇལ་འཛོམས་གནང་བ་རེད།
     ལི་ཁེ་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་70ལྷག་ཙམ་སོང་རིང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་བཏོན་ཡོད། མིག་སྔར། རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། འཛམ་གླིང་ཐོག་གི་གནད་དོན་རྣམས་འཛམ་གླིང་རྒྱལ་ཁབ་ཁག་གིས་གྲོས་མོལ་བྱས་ནས་བསྒྲུབ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་དང་ནུས་པར་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས་ཤིང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་》གྱི་དམིགས་ཡུལ་དང་རྩ་དོན་དང་བསྟུན་ནས་རྒྱལ་སྤྱིའི་སྤྱི་སྲོལ་དང་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་དགོས། ཕྱར་བ་གྲུ་འདེགས་དང་། འགྲན་སློང་མཉམ་བསུ་བྱས་ནས་མཉམ་ལས་གཉིས་ཕན་མངོན་འགྱུར་ཡོང་བ་བྱ་དགོས།
     ལི་ཁེ་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་གསར་གཏོད་མཁན་གྱི་ཁོངས་མིའི་རྒྱལ་ཁབ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ། འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་བཅས་ཡིན་པའི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་ལ་མུ་མཐུད་སྲུང་སྐྱོང་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱ་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་སྒྲུབ་ནས། འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་སྤྱི་ཚོགས་ཡུན་རིང་ཞི་བདེ་དང་། འཕེལ་རྒྱས་དང་དར་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཨའེ་སི་ཕི་ནུའོ་ས་ཡིས་ངས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་འཁུར་ཚུན་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་ཡག་པོ་རྒྱུན་འཁྱོངས་བྱས་ཡོད། མིག་སྔར་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པའི་ཕྱོགས་མང་རིང་ལུགས་དང་ཞི་བདེ་དང་འཕེལ་རྒྱས་ལ་འགྲན་སློང་དྲག་པོ་འཕྲད་ཡོད། ངས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ནས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་རྩ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཝང་དབྱི་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།