འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་སིར་ཀྲུང་གོའི་མ་འཇོག་དངུལ་
ཁང་ཚོགས་པ་ནས་དངུལ་བུན་ཨ་སྒོར་དུང་ཕྱུར་6.9རག་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སྤྱི་ཁྱབ་པུའུ་ཏི་པའེ་རུ་ཡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་སིས་ཀྲུང་གོའི་མ་འཇོག་དངུལ་ཁང་གསུམ་ལས་གྲུབ་པའི་དངུལ་ཁང་ཚོགས་པའི་མཉམ་འབྲེལ་སྒྲིག་གཞི་ནས་དུས་ཡུན་ལོ་ལྔ་ཡི་དངུལ་བུན་ཨ་སྒོར་དུང་ཕྱུར་6.9རག་པའི་ཁྱབ་བསྒྲགས་བྱས་པ་རེད།
     ཀུང་སི་དེས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལྟར་ན། དངུལ་ཁང་ཚོགས་པའི་མཉམ་འབྲེལ་སྒྲིག་གཞི་དེ་ནི་ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་། ཀྲུང་གོ་ཞིང་ལས་དངུལ་ཁང་། ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བཅས་ཀྱིས་ཏི་པའེ་རུ་བཙུགས་པའི་ཡན་ལག་དངུལ་ཁང་ལས་གྲུབ་པ་ཞིག་ཡིན་པ་དང་དངུལ་བུན་གྱིས་ཀུང་སི་དེའི་ལས་སྒོ་ཧྲིལ་པོར་མ་དངུལ་མཁོ་འདོན་ཐུབ་རྒྱུ་རེད།
     གསལ་བསྒྲགས་ནང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྡོ་སྣུམ་ཀུང་སིས་རྩད་ཞིབ་སྔོག་འདོན་དང་། མཁོ་སྤྲོད་གཉེར་སྐྱོང་། འབུད་སྣུམ་སིལ་ཚོང་། མཁའ་འགྲུལ་སྣུམ་བཅས་དང་དེ་མིན་རྡོ་སྣུམ་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་སྡེ་ཚན་གྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཏི་པའེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་རོགས་རམ་མཁོ་འདོན་བྱ་རྒྱུ་ཡིན་པ་བསྟན་ཡོད།