འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།སི་ཕེན་དུ་ཚོང་སྤྱོད་ཀྱི་5Gདྲ་རྒྱ་ཐོག་མ་དེ་ཁྱབ་པ།ཧྭ་ཝེ་ནི་མཁོ་འདོན་ཚོང་པ་གཙོ་བོ་དེ་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་15ཉིན། རྒྱལ་སྒྲོལ་གློག་འཕྲིན་གཉེར་སྐྱོང་ཚོང་པ་ཝུའོ་ཏ་ཧྥེང་གིས་སི་ཕེན་དུ་རྒྱལ་ཁབ་དེའི་ཚོང་སྤྱོད་ཀྱི་5Gདྲ་རྒྱ་ཐོག་མ་དེ་བཟོས་ནས་ཁག་དང་པོར་གྲོང་ཁྱེར་15ལ་ཁྱབ་པ་དང་ཧྭ་ཝེ་ནི་སྒྲིག་ཆས་མཁོ་འདོན་ཚོང་པ་གཙོ་བོ་དེ་ཡིན།
     སི་ཕེན་གྱི་ཝུའོ་ཏ་ཧྥེང་གིས་སྤེལ་བའི་ཆ་འཕྲིན་གཞིར་བཟུང་། 5Gསྒུལ་བདེའི་དྲ་རྒྱ་དེ་མ་ཏེ་རི་དང་། པ་སའེ་ལུའོ་ན། པ་ལུན་ཤིས་ཡ་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་15ལ་ཁྱབ་པ་དང་ས་གནས་དེ་གའི་མི་འབོར་གྱི་50%ཙམ་ལ་ཞབས་ཞུ་བྱེད་ཀྱི་ཡོད། དུས་འདའ་བ་དང་ཆབས་གཅིག 5Gདྲ་རྒྱའི་ཁྱབ་རྒྱ་ད་དུང་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།