འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།རང་རྒྱལ་གྱི་ནུས་རྒྱུ་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་འཚོགས་པའི་ནུས་རྒྱུ་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་བྱས་ནས་ལོ་ལྔ་འཁོར་བའི་ལས་རིགས་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ནུས་རྒྱུ་གཙང་མ་དང་ཐཱན་ཉུང་ཕྱོགས་སྒྱུར་གྱི་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་ཕྱིན་པ་དང་། ལོ་ལྔའི་རིང་ནུས་རྒྱུ་གཙང་མའི་འཛད་སྤྱོད་ཀྱི་བསྡུར་ཚད་14.5%ནས་22.1%བར་མཐོ་རུ་ཕྱིན་པ་དང་རྡོ་སོལ་འཛད་སྤྱོད་ཀྱི་བསྡུར་ཚད་60%མན་ཆག་པ་དང་། སོལ་གློག་འཕྲུལ་ཚན་ནས་གློག་འདོན་གྱི་རྡོ་སོལ་ཟད་གྲོན་བྱེད་ཚད་རིམ་རྩིས་བརྒྱབ་ན་ཚད་ལྡན་རྡོ་སོལ་ཁེ་13ཆག་ནས་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་རྩིས་གཞི་རེའི་GDPཡི་ནུས་རྒྱུ་ཟད་གྲོན་བྱེད་ཚད་20.3%ཆག་པ་རེད།