འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་18ཉིན།

༄༅།།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དེང་རབས་ཅན་གྱི་ཞུ་གཏུག་ཞབས་ཞུའི་མ་ལག་
ཕྱོགས་ཡོངས་ནས་བཙུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་18ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ནན་ཁྲང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་13ཉིན། རྒྱལ་ཡོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་བཞུགས་མོལ་ཚོགས་འདུ་ཅང་ཤིས་ནན་ཁྲང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། “མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་བའི”དམིགས་ཚད་ལ་དམ་པོར་གཞིགས་པ། ཞུ་གཏུག་མིན་པའི་རྩོད་གཞི་ཐག་གཅོད་ལམ་སྲོལ་སྔོན་ཚུད་ཀྱི་བླང་བྱར་འཛིན་པ། ལེགས་བསྡུས་ནུས་ཆེ་དང་། སྣེ་མང་རྩོད་སེལ། དམངས་ཕན་དམངས་བདེ། རིག་སྟོབས་གནད་སྨིན། སྒོ་དབྱེ་མཉམ་འགུལ། མཉམ་འདྲེས་མཉམ་སྤྱོད་བཅས་ཀྱི་དེང་རབས་ཅན་གྱི་ཞུ་གཏུག་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ་མི་དམངས་ཁྲིམས་ཁང་གིས་རྩོད་གཞི་ཐག་གཅོད་དང་ཞུ་གཏུག་གི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་ཡོད།