འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་17ཉིན།

༄༅།།ཞི་ཅིན་ཕིང་གིས་“2019ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས” ལ་ཤིས་
འཕྲིན་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་17ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་14ཉིན། “ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས”བོད་ལྗོངས་ལྷ་ས་རུ་སྤེལ་བ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་འཕྲིན་སྤྲིངས་ནས་གླེང་སྟེགས་འགོ་ཚུགས་པ་ལ་རྟེན་འབྲེལ་ཞུས་པ་རེད། 
     ཞི་ཅིན་ཕིང་གིས། བོད་ལྗོངས་ནི་མཚོ་བོད་མཐོ་སྒང་གི་ལྟེ་བ་རུ་གནས་ཤིང་། ཀྲུང་གོའི་མཐའ་ཁུལ་གྱི་མི་རིགས་ས་ཁུལ་འགངས་ཆེན་ཞིག་ཡིན་ལ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ཡོལ་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ས་ཁུལ་གལ་ཆེན། འཛམ་གླིང་ཡུལ་སྐོར་ས་གནས་གལ་ཆེན་བཅས་ཡིན་པ་བསྟན་ཡོད། 
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། 2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དུས་ཡིན་ལ། བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་དུས་ཀྱང་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག  ལོ་བཅུ་ཕྲག་ཁ་ཤས་ཀྱི་དུས་ཡུན་ཐུང་ངུའི་ནང་། བོད་ལྗོངས་ལ་ལོ་རྒྱུས་ཐོག་ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་བཅོས་སྒྱུར་མངོན་འགྱུར་བྱུང་ཡོད་དེ། ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཡོད། ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག བོད་ལྗོངས་མི་དམངས་ཀྱིས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། མི་དམངས་ཀྱི་འཚོ་བ་རྗེས་ལུས་ཡིན་པའི་བོད་ལྗོངས་རྙིང་བ་དེ་དཔལ་འབྱོར་རིག་གནས་དར་རྒྱས་ཆེ་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་གོང་འཕེལ་ཡིན་པ། སྐྱེ་ཁམས་ཁོར་ཡུག་བཟང་བ། མི་དམངས་ཀྱི་འཚོ་བར་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་ལ་འཛུགས་སྐྲུན་བྱས་ཡོད། བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་སྒོས། མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་དར་སྤེལ། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སྔར་ལས་དགེ་མཚན་ལྡན་པའི་སྒོ་འབྱེད་སྲིད་ཇུས་ལག་བསྟར། ཕྱི་ཕྱོགས་སུ་སྤེལ་རེས་མཉམ་ལས་རྒྱ་ཆེར་བྱས་ནས། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་འཆར་འགོད་གསར་པ་བྱེད་པའི་རེ་བ་ཡོད་ཅེས་བསྟན།