འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་17ཉིན།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་སྤེལ་བ། 
རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་
རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་17ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན《བདེན་འཚོལ》དུས་དེབ་འདོན་ཐེངས་12པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས》ཞེས་པ་དེ་སྤེལ་བ་རེད།
     གསུང་རྩོམ་ནང་ནན་བཤད་བྱས་དོན། རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བླ་སྲོག་རེད། རིག་གནས་དར་རྒྱས་བྱུང་ན་རྒྱལ་ཁབ་དར་རྒྱས་ཡོང་བ་དང་རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་དང་ལྡན་པ་ཡོང་ཐུབ། ཚད་མཐོའི་རིག་གནས་ཀྱི་གདེང་ཚོད་མེད་པ་དང་རིག་གནས་དར་རྒྱས་གོང་འཕེལ་མེད་ན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་མི་སྲིད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལམ་བུ་མཐའ་འཁྱོངས་བྱེད་པ་དང་། དམངས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། རིག་གནས་ཀྱི་གདེང་ཚོད་ནི་དེ་བས་རྨང་གཞི་ལྡན་པ་དང་། དེ་བས་རྒྱ་ཆེ་བ། དེ་བས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་ཅིག་དང་། དེ་བས་གཞི་རྩ་དང་། དེ་བས་གཏིང་ཟབ། དེ་བས་རྒྱུན་སྲིང་བཅས་ཀྱི་སྟོབས་ཤུགས་ཤིག་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་མཐའ་འཁྱོངས་བྱེད་པར་མཐར་གཏུགས་ནས་བརྗོད་ན་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་ནི་རྒྱལ་ཁབ་དར་རྒུད་དང་། རིག་གནས་ཀྱི་བདེ་འཇགས། མི་རིགས་ཀྱི་སྙིང་སྟོབས་བཅས་དང་འབྲེལ་བ་ཡོད་པའི་རང་ཚུགས་རང་བཞིན་གྱི་གནད་དོན་ཆེན་པོ་ཞིག་རེད།
     གསུང་རྩོམ་ནང་བསྟན་དོན། རིག་གནས་ནི་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཡོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཁྲོད་དཀའ་ངལ་གྲངས་ལས་འདས་པ་འཕྲད་ཡོད། འོན་ཀྱང་ང་ཚོ་ཚང་མས་དཀའ་ངལ་དེ་དག་ཁྱད་བསད་བྱེད་ཐུབ་པ་དང་། དེའི་ནང་ཧ་ཅང་གལ་འགངས་ཆེ་བའི་རྒྱུ་རྐྱེན་ཞིག་ནི་ཀྲུང་ཧྭའི་བུ་ཕྲུག་མི་རབས་ནས་མི་རབས་མང་པོས་དམིགས་བསལ་ཁྱད་ཆོས་ལྡན་པ་དང་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་རིག་གནས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ་ཀྲུང་ཧྭ་མི་རིགས་ལ་དཀའ་ངལ་ཁྱད་བསད་དང་མི་རབས་ནས་མི་རབས་བར་མི་ཉམས་གོང་འཕེལ་ཡོང་ཆེད་སྟོབས་དང་ལྡན་པའི་བསམ་པའི་འདེགས་སྐྱོར་མཁོ་འདོན་བྱས་པ་དེ་རེད།
     གསུང་རྩོམ་ནང་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་ཙམ་ཀྱི་ཤེས་དཔལ་ལོ་རྒྱུས་ཀྱིས་སྐྱེད་སྲིང་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལས་བྱུང་བ་དང་། ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཁྲོད་གསར་གཏོད་བྱས་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཁྲོད་མཉམ་འདྲེས་ཐུབ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་གཞིས་ཚུགས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་ནི་མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱས་ནས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པ་དང་། དེང་སྐབས་ཀྲུང་གོའི་དངོས་ཡོད་ལ་གཞིས་ཚུགས་པ། དེང་སྐབས་ཀྱི་དུས་རབས་ཆ་རྐྱེན་དང་ཟུང་འབྲེལ་བྱེད་པ། དེང་རབས་ཅན་དང་། འཛམ་གླིང་། འབྱུང་འགྱུར་བཅས་ལ་ཕྱོགས་ནས་མི་རིགས་དང་། ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ནས་ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།