མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་དབུ་ཚོགས་
ཐེངས་ལྔ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་17ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《ལག་གདང་སྦྲེལ་ནས་ཨེ་ཤེ་ཡའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ《ལག་གདང་སྦྲེལ་ནས་ཨེ་ཤེ་ཡའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དྷུ་ཤང་པེ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་དབུ་ཚོགས་ཐེངས་ལྔ་པ་ཐ་ཇིག་སི་ཐན་གྱི་རྒྱལ་ས་དྷུ་ཤང་པེ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ཕན་ཚུན་གུས་བཀུར་ཡིད་ཆེས་དང་། བདེ་འཇགས་བརྟན་ལྷིང་། འཕེལ་རྒྱས་དར་རྒྱས། སྒོ་དབྱེ་བསྟུན་མཁས། མཉམ་ལས་གསར་གཏོད་བཅས་ཀྱི་ཨེ་ཤེ་ཡ་སྐྲུན་དགོས། ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། སྒོ་དབྱེ་གཉིས་ཁེ་མཐའ་འཁྱོངས། ཕྱོགས་མང་རིང་ལུགས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་འཛམ་གླིང་གི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་བཤད་གནང་བ་རེད།
     ས་གནས་དེ་གའི་དུས་ཚོད་ཀྱི་སྔ་དྲོ། ཞི་ཅིན་ཕིང་ན་ཨུའུ་ལུའུ་ཚེ་ཕོ་བྲང་གི་མགྲོན་བསུ་ཚོམས་ཆེན་དུ་ཕེབས་འབྱོར་བྱུང་བ་དང་ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་གིས་སྤྲོ་སེམས་འཁོལ་བའི་ཕེབས་བསུ་ཞུས་པ་རེད།
     ཚོགས་འདུ་དེ་ལཱ་ཧོ་མོང་གིས་གཙོ་སྐྱོང་གནང་བ་རེད། ཨ་ཧྥུ་ཀ་ནི་སི་ཐན་དང་། ཨ་ཟེར་བྷེ་ཇན། བྷང་ག་ལ། ཁམ་ཕུ་ཁྲེ། དབྱི་རན། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཁ་ཐར། ཨ་རུ་སུ། སི་རི་ལན་ཁ། ཐུར་ཁེ། ཨུ་ཟ་བྷེ་ཁེ་སི་ཐན་སོགས་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དམ་ཡང་ན་འཐུས་མི་དང་ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འཐུས་མི་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ཀྱི་འཐུས་མི་ཚོགས་འདུར་ཕེབས་ཡོད་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས“ཐུན་མོང་ཐོག་མ་འོངས་པར་རྒྱང་བལྟ་བྱེད། བདེ་འཇགས་དང་དེ་བས་དར་རྒྱས་ཀྱི་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་གྱི་ས་ཁུལ་གྱི་ཆེད་དུ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་དགོངས་འཆར་སྤེལ་རེས་གནང་བ་དང་། ཕྱོགས་ཁག་གིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་གནང་བ། ཨེ་ཤེ་ཡའི་རྒྱུན་བསྲིང་ཞི་བདེ་དང་ཐུན་མོང་དར་རྒྱས་ཀྱི་ཇུས་ཆེན་མཉམ་དུ་འཆར་འགོད་གནང་བས་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་གྲུབ་ཡོད་པ་རེད།
     ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག 《ལག་གདང་སྦྲེལ་ནས་ཨེ་ཤེ་ཡའི་བདེ་འཇཌ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུ་འཚོགས་ནས་ལོ་27སོང་རིང་རྒྱལ་ཁབ་ཁག་གི་ཕན་ཚུན་ཡིད་ཆེས་འཕེལ་བ་དང་རོགས་ལས་བྱེད་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ཨེ་ཤེ་ཡའི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད། ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་ཧྲང་ཧའེ་དབུ་ཚོགས་ཐོག་ངས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ལག་བསྟར་བྱེད་པའི་བདེ་འཇགས་ཀྱི་ལྟ་བ་གསར་པ་བཏོན་ནས་ཨེ་ཤེ་ཡའི་ཁྱད་ཆོས་དང་འཚམ་པ་དང་རྒྱལ་ཁབ་ཁག་གི་ཐུན་མོང་ཁེ་ཕན་དང་འཚམ་པའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས་པའི་གྲོས་འགོ་བཏོན་པར་ཕྱོགས་ཁག་གི་དང་ལེན་ཧུར་ཐག་ཐོབ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་འཕེལ་རིམ་ཟམ་མི་ཆད་པར་སྐས་རིམ་གསར་པའི་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ནི་མིག་སྔའི་འཛམ་གླིང་ཐོག་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་ཤོས་དང་མི་མངོན་པའི་སྟོབས་ཤུགས་ལྡན་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་ཆབས་ཅིག་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་མི་འདང་བ་དང་། དཔལ་འབྱོར་འཕེལ་རྒྱས་དོ་མི་སྙོམས་པ། བདེ་འཇགས་དང་བཅོས་སྐྱོང་གི་གནད་དོན་མངོན་གསལ་དོད་པ་སོགས་ཀྱི་ཐུན་མོང་གི་འགྲན་སློང་འཕྲད་བཞིན་ཡོད། 2015ལོར་ངས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་གྲོས་འགོ་བཏོན་པ་ཡིན། དུས་བབ་གསར་པའི་འོག་ང་ཚོས་སྔོན་གཏན་འཁེལ་བའི་དམིགས་ཚད་མཐའ་འཁྱོངས་བྱས་ནས་ཐུན་མོང་ཐོག་གོ་སྐབས་བསུ་བ་དང་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་བཅག་ནས་ལག་གདང་སྦྲེལ་ཏེ་ཨེ་ཤེ་ཡའི་བདེ་འཇགས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡའི་རྒྱལ་ཁབ་དང་མཉམ་དུ་ཁྱིམ་མཚེས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། ཨེ་ཤེ་ཡའི་ཁྱིམ་ཚང་ཆེ་མོའི་ཁོངས་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་མུ་མཐུད་འཛམ་གླིང་གི་ཞི་བདེ་གཏོད་མཁན་ཞིག་དང་། གོ་ལ་ཧྲིལ་པོ་འཕེལ་རྒྱས་ཐད་ལེགས་སྐྱེས་འབུལ་མཁན་ཞིག རྒྱལ་སྤྱིའི་སྒྲིག་ལམ་སྲུང་མཁན་ཞིག་བཅས་བྱས་ཏེ་རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     དབུ་ཚོགས་ཐོག《ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཀྱི་ཚོགས་འདུའི་དབུ་ཚོགས་ཐེངས་ལྔ་པའི་བསྒྲགས་གཏམ》སྤེལ་བ་རེད།

འདི་ནི་ཚོགས་འདུར་ཞུགས་མཁན་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུའི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དམ་ཡང་ན་འཐུས་མི་དང་ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འཐུས་མི་དང་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་འཐུས་མི་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།
འདི་ནི་ཚོགས་འདུར་ཞུགས་མཁན་ཨེ་ཤེ་ཡའི་ཕན་ཚུན་རོགས་ལས་དང་ཡིད་རྟོན་བྱ་ཐབས་ཚོགས་འདུའི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་དམ་ཡང་ན་འཐུས་མི་དང་ལྟ་ཞིབ་པའི་རྒྱལ་ཁབ་ཀྱི་འཐུས་མི་དང་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་འཐུས་མི་ལྷན་བཞུགས་སྐུ་པར་སྒྲོན་བཞིན་པ།

  
style="display:none;"