མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཁ་ཐར་གྱི་ཨའེ་མེར་ཐཱ་མི་མུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་17ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་དྷུ་ཤང་པེ་ནས་ཟླ་6ཚེས15ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་15ཉིན་གྲོང་ཁྱེར་དྷུ་ཤང་པེ་རུ་ཁ་ཐར་གྱི་ཨའེ་མེར་ཐཱ་མི་མུའུ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཨའེ་མེར་ཐཱ་མི་མུའུ་ཡིས་ཀྲུང་ཁ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཧུར་ཐག་གཞོལ་བར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་བསྟན་གནང་དོན། འདི་ལོའི་ཟླ་དང་པོར་ཨའེ་མེར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་ནས་ང་ཚོས་དུས་བབ་གསར་པའི་འོག་ཀྲུང་ཁ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་རྒྱུ་སྲ་བརྟན་དུ་བཏང་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཕྱོགས་གཉིས་ཀྱིས་ནུས་རྒྱུ་དང་། དཔལ་འབྱོར་ཚོང་དོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མ་འཇོག རབས་ལྔ་པའི་སྒུལ་བདེ་འཕྲིན་གཏོང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་མྱུར་པོ་གཏོང་དགོས། ཕྱོགས་གཉིས་ཀྱིས་འཇིགས་རྒོལ་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ང་ཚོས་ཁ་ཐར་ཕྱོགས་ནས་ཀྲུང་གོ་ཕྱོགས་ཀྱིས་འཇིགས་རྒོལ་དང་མཐར་འཛིན་ཅན་འདོར་བར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁ་ཐར་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་འདོད་ཡོད།
     ཐཱ་མི་མུའུ་ཡིས་གསུངས་དོན། ཁ་ཀྲུང་གཉིས་ཀྱི་འབྲེལ་བ་ནི་འཐབ་ཇུས་རང་བཞིན་གྱི་འབྲེལ་བ་ཡིན་ཞིང་། འདི་ལོའི་ཟླ་དང་པོར་ངས་ཀྲུང་གོར་འཚམས་འདྲི་བྱས་པར་ལེགས་གྲུབ་བྱུང་སོང་། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མ་འཇོག་དང་ནུས་རྒྱུ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཁ་ཐར་ཕྱོགས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་ཕྱོགས་ཀྱིས་བདག་དབང་ལ་སྲུང་སྐྱོང་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱིའི་ཐོག་སྐད་ཆ་ཤོད་རེས་ཐོག་ནས་རྒྱལ་ཁབ་དབར་གྱི་འགལ་བ་སེལ་བའི་ཀྲུང་གོའི་བཞེད་དགོངས་ཀྱི་དྲང་གཞག་ལངས་ཕྱོགས་ལ་ཚད་མཐོའི་གདེང་འཇོག་བྱེད་པ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་བྱེད་འདོད་ཡོད།

  
style="display:none;"