མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་17ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་དྷུ་ཤང་པེ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྷུ་ཧྲང་པེ་རུ་ཐུར་ཁེའི་ཙུང་ཐུང་ཨེའར་ཏོ་ཨན་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ངས་ཀྲུང་ཐུར་དབར་གྱི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད།      ཙུང་ཐུང་སྐུ་ཞབས་ཁྱེད་དང་མཉམ་དུ་ཕྱོགས་གཉིས་པོའི་མཛའ་གྲོགས་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་དབར་ཡིད་རྟོན་པར་བསྒྱུར་ནས་ཀྲུང་ཐུར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་བའི་ལེའུ་གསར་པ་ཞིག་རྒྱུན་ཆད་མེད་པར་རྩོམ་འདོད་ཡོད། མིག་སྔའི་དུས་བབ་འོག ཕྱོགས་གཉིས་པོས་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་དགོས་པ་དང་འཇིགས་རྒོལ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཐུར་ཁེ་ནི་སྲོལ་རྒྱུན་དར་གོས་ལམ་བུའི་རྒྱུད་ཀྱི་རྒྱལ་ཁབ་ཅིག་རེད། ང་ཚོས་ཐུར་ཁེ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་ནང་ཕན་ཚུན་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་ཐུར་གཉིས་པོ་ནི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་གལ་ཆེན་ཞིག་ཡིན་པས་ཕྱོགས་གཉིས་པོས་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་ཁྱབ་ཁོངས་ནང་གི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་གནང་བ་རེད།
     ཨེའར་ཏོ་ཨན་གྱིས་ཞི་ཅིན་ཕིང་གི་དགོངས་འཆར་ལ་ཡིད་མཐུན་གནང་ཞིང་། ཁོང་གིས་ཐུར་ཁེས་ཐུར་ཀྲུང་དབར་གྱི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་ཏུ་བཏང་ནས་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཆེན་པོའི་ཁྲོད་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་འདོད་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཐུར་ཁེའི་ངོས་ནས་བརྗོད་ན་གལ་ཆེན་པོ་ཞིག་ཡིན། ཐུར་ཁེ་ཕྱོགས་ཀྱིས་མཉམ་སྐྲུན་མཉམ་ལས་ནང་ཧུར་ཐག་ཞུགས་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"