འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་14ཉིན།

༄༅།།ཨ་རིའི་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་སང་ཏེ་སི་ལས་གནས་ནས་བྲལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་14ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུས་། ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་ས་ལཱ་སང་ཏེ་སི་ཟླ་འདིའི་ཟླ་མཇུག་ཏུ་ལས་གནས་ནས་བྲལ་རྒྱུ་རེད་ཅེས་བརྗོད་པ་རེད།
ཐེ་རོམ་ཕུས་དེ་ཉིན་སྤྱི་ཚོགས་འབྲེལ་པའི་སྨྱན་སྦྱོར་ཐོག   སང་ཏེ་སི་ཟླ་འདིའི་ཟླ་མཇུག་ཏུ་ཕོ་བྲང་དཀར་པོ་ནས་ཁ་བྲལ་ཏེ་ཕ་ཡུལ་ཨ་ཁེན་སི་མངའ་སྡེར་ལོག་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།  ཐེ་རོམ་ཕུས། སང་ཏེ་སི་ནི་དམིགས་བསལ་གྱི་མི་ཞིག་རེད། སྤྱི་བཏང་མ་ཡིན་པའི་འཇོན་ཐང་ལྡན་ཡོད་པས། ཁོང་མོས་ཨ་ཁེན་སི་མངའ་སྡེའི་ཀྲོའུ་ཀྲང་གི་འདེམས་བསྐོའི་ནང་ཞུགས་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     སང་ཏེ་སི་ནི་ད་ལོ་ལོ་36ཡིན་པ་དང་།  2016ལོའི་ཨ་རིའི་འདེམས་བསྐོ་ཆེན་པོའི་རིང་ཐེ་རོམ་ཕུའི་འདེམས་བསྐོའི་ཚོགས་པའི་ནང་ཞུགས་པ་རེད།   ཐེ་རོམ་ཕུ་ཙུང་ཐུང་ལ་གྱུར་རྗེས་ཕོ་བྲང་དཀར་པོའི་གསར་འགྱུར་གཞུང་ལས་ཁང་དུ་ལས་ཀ་བྱས་པ་དང་། 2017ལོའི་ཟླ་7པར་ཞའོ་ཨེན་སི་ཕའེ་སི་ཡི་ཚབ་ཏུ་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་བྱས་པ་རེད།