འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅༎ཝུན་ཙའེ་དབྱིན་གྱིས་ཐེ་རོན་ཕུས་ཁོ་རེ་ཡ་ལྷོ་མར་འཚམས་འདྲི་མ་གནང་གོང་ཁོ་རེ་ཡ་ལྷོ་བྱང་གི་
འགོ་ཁྲིད་སླར་ཡང་ཐུག་འཕྲད་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་6ཚེས་12ཉིན། ནོར་ཝེའི་རྒྱལ་ས་ཨའོ་སི་ལུའུ་རུ་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཨའོ་སི་ལུའུ་སློབ་ཆེན་དུ“ཨའོ་སི་ལུའུ་གླེང་སྟེགས”ཀྱི་བྱེད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། ནོར་ཝེ་རུ་འཚམས་འདྲི་བྱེད་བཞིན་པའི་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཟླ་འདིའི་ཟླ་མཇུག་ཏུ་ཁོ་རེ་ཡ་ལྷོ་མར་འཚམས་འདྲི་མ་བྱས་གོང་། ཁོ་རེ་ཡ་ལྷོ་བྱང་གི་འགོ་ཁྲིད་མི་སྣ་སླར་ཡང་ཐུག་འཕྲད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།

     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། ནོར་ཝེ་རུ་འཚམས་འདྲི་བྱེད་བཞིན་པའི་ཁོ་རེ་ཡ་ལྷོ་མའི་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཟླ་འདིའི་ཟླ་མཇུག་ཏུ་ཁོ་རེ་ཡ་ལྷོ་མར་འཚམས་འདྲི་མ་གནང་གོང་། ཁོ་རེ་ཡ་ལྷོ་བྱང་གི་འགོ་ཁྲིད་སླར་ཡང་ཐུག་འཕྲད་ཐུབ་པའི་རེ་བ་བཅངས་ཡོད་ཅེས་བཤད།
     ཝུན་ཙའེ་དབྱིན་ཉིན་དེ་གར་ཨོ་སི་ལུའུ་སློབ་ཆེན་དུ“ཨའོ་སི་ལུའུ་གླེང་སྟེགས”ཀྱི་བྱེད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད། ཁོང་གིས་གཏམ་བཤད་གནང་རྗེས་ཀྱི་དྲི་བ་དྲིས་ལན་གྱི་བྱ་རིམ་ནང་། ཁོ་རང་ནམ་ཡིན་ཡང་ཁོ་རེ་ཡ་བྱང་མའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཐུག་འཕྲད་བྱེད་འདོད་ཡོད་ལ། ཞིབ་ཕྲའི་དུས་སྐབས་ནི་ཁོ་རེ་ཡ་བྱང་མ་ཕྱོགས་ཀྱིས་ཐག་བཅད་ཆོག གལ་སྲིད་དེ་ལྟར་བྱུང་ན། ཐེ་རོན་ཕུ་ཟླ་འདིའི་ཟླ་མཇུག་ཏུ་ཁོ་རེ་ཡ་བྱང་མར་འཚམས་འདྲིར་མ་ཕེབས་གོང་ཐུག་འཕྲད་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད། 
     དུས་མཉམ་དུ་ཝུན་ཙའེ་དབྱིན་གྱིས་ཅིན་ཀྲེང་ཨེན་དང་ཐེ་རོན་ཕུ་གཉིས་སྔ་ཙམ་སླར་ཡང་ཐུག་འཕྲད་གནང་སྟེ་ཕྱོགས་གཉིས་པོའི་སྐད་ཆ་ཤོད་རེས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། 
     2018ལོའི་ཟླ་4ཚེས་27ཉིན། ཝུན་ཙའེ་དབྱིན་དང་ཅིན་ཀྲེང་ཨེན་རྣམ་གཉིས་པན་མོན་ཏན་དུ་ཐུག་འཕྲད་གནང་ཞིང་། 《པན་མོན་ཏན་གྱི་བསྒྲགས་གཏམ》ལ་མིང་རྟགས་བཀོད་དེ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པ་དང་དམག་མཚམས་བཞག་ནས་ཞི་བདེ་ཡོང་བའི་ལམ་སྲོལ་ལ་བརྗེ་སྒྱུར་བྱ་ཆེད་ཕྱོགས་གཉིས་པོས་འབད་བརྩོན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། ལོ་དེའི་ཟླ་9ཚེས་19ཉིན། ཁོང་གཉིས་པོས་ཕོང་དབྱང་དུ་《ཟླ་དགུ་པའི་ཕོང་དབྱང་གི་ཐུན་མོང་བསྒྲགས་གཏམ》ལ་མིང་རྟགས་བཀོད་དེ། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པའི་འཕེལ་རིམ་ལ་སྔ་ཙམ་སྐུལ་འདེད་གཏོང་བ་དང་། ལྷོ་བྱང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཁྲའོ་ཞན་ཕྱེད་གླིང་དེ་ཞི་བདེ་ཡུན་བརྟན་གྱི་གནས་ཤིག་ཏུ་བསྐྲུན་པ་སོགས་ཀྱི་ཐད་ནས་བསམ་གྲོས་གཅིག་མཐུན་བྱུང་ཡོད།