འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅༎གཞིས་རྩེ་གྲོང་ཁྱེར་གྱི་རྩལ་ནུས་གསོ་སྦྱོང་གིས་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་གཞིས་རྩེ་གྲོང་ཁྱེར་ལས་རིགས་རྩལ་ནུས་ལྟེ་གནས་གྲོང་གསེབ་ཏུ་སྐྱོད་ནས་གསོ་སྦྱོང་བྱེད་པའི་མིང་ཐོ་འགོད་ཡུལ་ཡིན་པ་དང་། མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་སྒོས་མིང་ཐོ་འགོད་པའི་རྣམ་པ་རེད།
འདི་ནི་གཞིས་རྩེ་གྲོང་ཁྱེར་ལས་རིགས་རྩལ་ནུས་ལྟེ་གནས་གྲོང་གསེབ་ཏུ་སྐྱོད་ནས་གསོ་སྦྱོང་བྱེད་པའི་མིང་ཐོ་འགོད་ཡུལ་ཡིན་པ་དང་། མང་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་སྒོས་མིང་ཐོ་འགོད་པའི་རྣམ་པ་རེད།
     མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“ལས་ཞུགས་ཕྱོགས་སྟོན་དུ་འཛིན་པ་དང་། ཞབས་ཞུ་དམིགས་ཡུལ་བྱེད་པའི”ལས་རིགས་རྩལ་ནུས་སློབ་གསོའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། གོམ་གང་མདུན་སྤོས་ཀྱིས་ལས་རིགས་སློབ་གླིང་གི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ། རོང་འབྲོག་མང་ཚོགས་ཀྱི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཞིང་འབྲོག་ཁུལ་མང་ཚོགས་ཀྱི་ལས་གཏོད་ལས་ཞུགས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།