འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅༎བོད་ལྗོངས་སུ་བསྐྱོད་ནས་མཛེས་ལྗོངས་ལ་ལྟ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་མདུན་དུ་པར་ལེན་པའི་རྣམ་པ་རེད།
འདི་ནི་ཡུལ་སྐོར་བས་ཕོ་བྲང་པོ་ཏ་ལའི་མདུན་དུ་པར་ལེན་པའི་རྣམ་པ་རེད།
     མི་དམངས་དྲ་བའི་འཕྲིན། དབྱར་ཁའི་གུང་གསེང་འཆར་ཉེ་ཡོད་པ་དང་བསྟུན་ནས། བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་རིམ་བཞིན་འཁྲུག་ཆ་དོད་པོར་གྱུར་ཡོད། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མངོན་གསལ་གྱིས་མང་དུ་ཕྱིན་ནས་ཡུལ་སྐོར་ཁྲོམ་ར་ཚོང་ཁ་རྒྱུག་པའི་དུས་སྐབས་སུ་སླེབས་ཡོད། ཡུལ་སྐོར་བའི་ཡིད་དབང་འགུག་ཆེད། བོད་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ཁང་ཆེ་གྲས་ཁག་གིས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ལམ་ཐིག་མང་པོ་བཏོད་ཡོད་དེ། ཡུལ་སྐོར་བ་དག་གིས་རང་བྱུང་གི་མཛེས་པ་བག་ཕེབས་པར་ལོངས་སྤྱོད་བྱེད་ཆོག་པ་མ་ཟད། ད་དུང་ས་གནས་དེ་གའི་ཡུལ་མིའི་སྡོད་ཁང་དུ་བསྐྱོད་དེ་ཁྱད་ལྡན་བོད་ཟས་ལའང་མྱོང་རོལ་བྱེད་ཆོག