འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་དབན་ལས་དོན་གཞུང་དོན་ཁང་གིས“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་
སྟོབས་ཤུགས་ཀྱིས་རྒྱལ་ཁབ་ཁ་ཕྲལ་གཏོང་བར་བཟོད་བསྲན་གཏན་ནས་མི་བྱེད་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཨན་ཧྥུང་ཧྲན་གྱིས་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཤ་རུས་གཅིག་གི་སྤུན་ཟླ་དང་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པས། ང་ཚོས་འབད་བརྩོན་ཆེ་ཤོས་དང་ལྷག་བསམ་ཆེ་ཤོས་ལ་བརྟེན་ནས་ཞི་བའི་གཅིག་གྱུར་གྱི་མདུན་ལམ་དོན་གཉེར་བྱེད་འདོད་ཡོད། དེ་དང་ཆབས་གཅིག་ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་འདོད་བློ་ཡང་བློ་བརྟན་འགྱུར་མེད་ཡིན་པས། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ཀྱིས་རྒྱལ་ཁབ་ཁ་ཕྲལ་གཏོང་བར་བཟོད་བསྲན་གཏན་ནས་བྱེད་མི་སྲིད་ཅེས་བརྗོད་པ་རེད།
     གསར་འགོད་པ་ཞིག་གིས་ཉིན་ཤས་གོང་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཝུའེ་ཧྥུང་ཧོ་ཡིས་ཤམ་རི་ལའི་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུའི་ཐོག་གལ་སྲིད་མི་སུ་ཞིག་གིས་ཐའེ་དབན་ཀྲུང་གོ་ནས་ཁ་ཕྲལ་གཏོང་ཕོད་ན་ཀྲུང་གོའི་དམག་དཔུང་གིས་དམག་འཐབ་བྱ་རྒྱུར་མི་འཛེམ་པ་དང་བློས་གཏོང་བྱ་རྒྱུར་མི་འཛེམ་པར་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། དེ་ཐོག་ནས་སྐམ་ས་ཆེ་མོས“དྲག་པོའི་ཐོག་ནས་གཅིག་གྱུར་བྱེད་པའི་”གྲ་སྒྲིག་བྱས་ཚར་ཡོད་པ་མཚོན་གྱི་ཡོད་དམ་ཞེས་དྲིས་པར། ཨན་ཧྥུང་ཧྲན་གྱིས་གོང་གསལ་གྱི་ལན་བརྒྱབ་པ་རེད།
     ཁོང་གིས་རྒྱལ་དོན་ཨུ་ཡོན་དང་རྒྱལ་སྲུང་པུའུ་ཀྲང་གཅིག་ལྕོགས་ཧྲང་ཅང་དམག་དཔོན་ཝུའེ་ཧྥུང་ཧོ་ཡིས་ཤམ་རི་ལའི་སྐད་ཆ་ཤོད་རེས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ནང་ང་ཚོས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པའི་ལངས་ཕྱོགས་གསལ་པོར་སྟོན་ཡོད་པ་རེད། མེས་རྒྱལ་ངེས་པར་དུ་གཅིག་གྱུར་དགོས་ལ། གཅིག་གྱུར་ཡང་ཡོང་ངེས་རེད། འདི་ནི་ངོགས་གཉིས་དབར་གྱི་འབྲེལ་བའི་འཕེལ་རྒྱས་བྱུང་རིམ་གྱི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཅིག་ཡིན་ལ། དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལྡོག་མེད་བླང་བྱ་ཞིག་ཀྱང་ཡིན་ཞེས་བརྗོད་པ་རེད།
     ཨན་ཧྥུང་ཧྲན་གྱིས་ང་ཚོས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱོད་རྒྱུའི་གདམ་ག་སོར་འཇོག་བྱས་པ་ནི་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་དང“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་སྟོབས་ཤུགས་ཉུང་ཤས་ཀྱི་ཁ་ཕྲལ་བྱེད་སྤྱོད་ལ་དམིགས་པ་ཞིག་ཡིན་པ་ལས་སྤུན་ཟླ་ཐའེ་དབན་བར་དམིགས་པ་ཞིག་གཏན་ནས་མིན།