མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་དང་གོ་ལ་ཧྲིལ་པོའི་བདེ་ཐང་
གླེང་སྟེགས་ཀྱི་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་11ཉིན་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་དང་གོ་ལ་ཧྲིལ་པོའི་བདེ་ཐང་གླེང་སྟེགས་ཀྱི་ཚོགས་ཆེན་ཆིང་ཏའོ་རུ་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་མི་ཚང་མར་བདེ་ཐང་ཡོང་བ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་འདུན་པ་ཡིན་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པའི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཀྱང་ཡིན། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བྱ་གཞག་ལ་སྐུལ་འདེད་གཏོང་བ་ནི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་པའི་གྲུབ་ཆའི་ཆ་ཤས་གལ་ཆེན་ཞིག་ཡིན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱིས་ཨེ་ཤེ་ཡ་དང་འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་རྩར་སྐུལ་འདེད་གཏོང་བའི་ཐད་བློ་རྩེ་གཅིག་ཏུ་གཞོལ་བཞིན་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ཚོགས་པ་དེའང་དེའི་ཐད་སླར་ཡང་འབད་བརྩོན་གལ་ཆེན་བྱས་པ་ཞིག་རེད། ཚོགས་ཆེན་ཐོག་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐུན་མོང་གི་ངོས་འཛིན་ནུས་ལྡན་ངང་གཅིག་སྒྲིལ་བྱེད་པ་དང་། སྤེལ་རེས་བྱས་ནས་ཕན་ཚུན་དཔྱད་གཞིར་འཛིན་པ། གོ་ལ་ཧྲིལ་པོའི་བདེ་ཐང་བྱ་གཞག་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མིའི་རིགས་ཡོངས་ཀྱི་བདེ་ཐང་དང་བདེ་རྩའི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"