འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་13ཉིན།

༄༅༎མཚོ་སྔོན་བྲག་ལུང་ལུང་ཤུར་ནས་གཉན་པོ་གྲོང་རྡལ་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་13ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎མཚོ་སྔོན་བྲག་ལུང་ལུང་ཤུར་ནས་གཉན་པོ་གྲོང་རྡལ་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ།
     ཟླ་6ཚེས་11ཉིན་ཁྱོན་རིང་ཚད་སྤྱི་ལེ་50.79ཡོད་པའི་མཚོ་སྔོན་ཞིང་ཆེན་བྲག་ལུང་ལུང་ཤུར་ནས་གཉན་པོ་གྲོང་རྡལ་བར་གྱི་རིམ་གཉིས་གཞུང་ལམ་ཤར་གཏོང་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན་བྲག་ལུང་ནས་གཉན་པོ་བར་གྱི་གཞུང་ལམ་དེ་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་འབྲེལ་མཚམས་ཀྱི་བྲག་ལུང་ལུང་ཤུར་དུ་ཡོད་པ་དང་། རླངས་འཁོར་ཤར་གཏོང་ཐུབ་རྗེས་ལམ་རྒྱུད་ཀྱི་ས་ཁུལ་དབུལ་པོའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་འགྲོ་རྒྱུ་དང་མཚོ་སྔོན་མཚོ་ཤར་རྒྱུད་ཀྱི་གྲོང་ཁྱེར་ཚོམ་བུ་འབྲེལ་བའི་འགྲིམ་འགྲུལ་ཀྱི་འབྲེལ་ཐག་ཅིག་ཏུ་འགྱུར་རྒྱུ་རེད། འདི་ནི་རླངས་འཁོར་ཞིག་མཚོ་སྔོན་ཞིང་ཆེན་བྲག་ལུང་ལུང་ཤུར་ནས་གཉན་པོ་གྲོང་རྡལ་གྱི་གཞུང་ལམ་ཐོག་བསྐྱོད་བཞིན་པའི་གནས་ཚུལ་ཡིན་པ།