འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་12ཉིན།

༄༅༎དྲག་ཆར་དང་ཆུ་ལོག་གིས་ཀོང་ཏུང་ཧོ་ཡོན་ལ་གནོད་འཚེ་ཚབས་ཆེན་བཟོས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་12ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དྲག་ཆར་དང་ཆུ་ལོག་གིས་ཀོང་ཏུང་ཧོ་ཡོན་ལ་གནོད་འཚེ་ཚབས་ཆེན་བཟོས་པ།
     མི་དམངས་དྲ་བའི་འཕྲིན། དྲག་ཆར་བབས་པའི་རྐྱེན་གྱིས་ཀོང་ཏུང་ཧོ་ཡོན་གྲོང་ཁྱེར་གྱི་ལན་ཕིང་རྫོང་དང་།  ལུང་ཁྲོན་རྫོང་། ཧོ་ཕིང་རྫོང་གི་ཤང་གྲོང་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། ཧོ་ཡོན་གྲོང་ཁྱེར་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས་ཚེས་11ཉིན་གྱི་ཆུ་ཚོད་10པའི་བར་གནོད་འཚེའི་རྐྱེན་གྱིས་མི་7རྐྱེན་ལམ་དུ་ཤོར་བ་དང་མི་1གར་སོང་ཆ་མེད་དུ་འགྱུར་ཞིང་། མི་1ལ་རྨས་སྐྱོན་ཕོག་ཡོད་ཅེས་བརྗོད་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་གནོད་འཚེ་ཕོག་པའི་མི་འབོར་ཁྲི་11ལྷག་ཙམ་ཟིན་པ་དང་ཁང་པ་956རྡིབ་ཡོད་ཅེས་བརྗོད། ཀོང་ཏུང་ཞིང་ཆེན་དང་ཧོ་ཡོན་གྲོང་ཁྱེར་གྱིས་བཅའ་སྡོད་དཔུང་སྡེ་དང་། དྲག་ཆས་ཉེན་རྟོག  སྤྱི་བདེ། མེ་ཟོན། ཡུལ་དམག་སོགས་རོགས་སྐྱོབ་སྟོབས་ཤུགས་མི་1000ལྷག་ཙམ་མངགས་ནས་འཐབ་ཕྱོགས་དང་པོར་ཉེན་སེལ་གེགས་སྐྱོབ་བྱེད་བཞིན་ཡོད་པ་དང་། གློག་འཕྲིན་དང་འགྲིམ་འགྲུལ་སོགས་སྡེ་ཚན་གྱིས་གཏོར་སྐྱོན་ཕོག་པའི་འཕྲིན་གཏོང་སྒྲིག་ཆས་དང་འགྲོ་ལམ་མྱུར་བཟོ་བྱེད་བཞིན་ཡོད་པ་རེད།
【1】  【2】
༄༅༎དྲག་ཆར་དང་ཆུ་ལོག་གིས་ཀོང་ཏུང་ཧོ་ཡོན་ལ་གནོད་འཚེ་ཚབས་ཆེན་བཟོས་པ།