འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་10ཉིན།

༄༅།།ཅང་ཞི་རུ་སེར་བ་དང་ཆུ་ལོག་གི་གནོད་འཚེ་བྱུང་ནས་མི་ཁྲི་91.7ལ་གནོད་པ་ཐེབས་ཡོད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་10ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཅང་ཞི་རུ་སེར་བ་དང་ཆུ་ལོག་གི་གནོད་འཚེ་བྱུང་ནས་མི་ཁྲི་91.7ལ་གནོད་པ་ཐེབས་ཡོད།
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན། གསར་འགོད་པས་ཅང་ཞི་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་ནས་ཤེས་རྟོགས་བྱུང་གསལ། ཟླ་6ཚེས་9ཉིན་གྱི་ཆུ་ཚོད་11བར་དུ། སེར་བ་དང་ཆུ་ལོག་གི་གནོད་འཚེ་ཡིས་ཅང་ཞིའི་མི་ཁྲི་91.7ལ་གནོད་འཚེ་ཐེབས་པ་དང་། གནོད་འཚེ་ཡི་ཁྲོད་མི་6རྐྱེན་ལམ་དུ་ཤོར་ཡོད། དེའི་ཁྲོད་དུ་ཐོག་བརྒྱབ་པ་དང་ཁང་པ་བརྡིབས་པ་ལས་སོ་སོར་མི་2རེ་དང་། གློག་བརྒྱབ་པ་དང་ཆུར་ནུབ་པ་ལས་སོ་སོར་མི་1རེ་བཅས་རྐྱེན་ལམ་དུ་ཤོར་ཡོད་ཅིང་། གཞན་ཡང་མི་1ནི་ཁང་པ་བརྡིབས་ནས་གར་སོང་ཆ་མེད་དུ་གྱུར་ཡོད།
    ཐོག་མའི་སྡོམ་རྩིས་ལ་གཞིགས་ན། ཅང་ཞི་ཡིས་མི་ཁྲི་8.8ལ་ཛ་དྲག་གནས་སྤོ་བཀོད་སྒྲིག་བྱས་པ་དང་། འཚོ་བའི་རོགས་སྐྱོར་དགོས་གལ་ཆེ་བའི་མི་ཁྲི་4.5ཡོད་པ་དང་། རྒྱ་ཁྱོན་སྤྱི་ཆིང་སྟོང་77.4ཡི་ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ལ་ཕོག་ཅིང་། སྤྱི་ཆིང་སྟོང་7.3ཡི་ལོ་ཏོག་བསྡུ་རྒྱུ་མེད་པར་གྱུར། དུད་ཁྱིམ་118ཀྱི་ཁང་མིག་290བརྡིབས་པ་དང་། དུད་ཁྱིམ་77གྱི་ཁང་མིག་183ལ་གནོད་འཚེ་ཚབས་ཆེན་ཐེབས་པ། དུད་ཁྱིམ་1100ཡི་ཁང་མིག་2117ལ་སྤྱིར་བཏང་གི་གནོད་འཚེ་ཕོག་ཡོད། 
     ཅང་ཞིས་ཚེས་7ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཐོག་ཞིང་ཆེན་རིམ་པའི་རིམ་པ་བཞི་བའི་གེགས་སེལ་འཕྲལ་སྡོམ་འགོ་བརྩམས་པ་དང་། ཚེས་8ཉིན་གྱི་ཆུ་ཚོད་20སྐབས་རིམ་པ་གསུམ་པར་རིམ་སྤར་བྱས། 
    ཆུ་དཔྱད་སྡེ་ཁག་གིས་ཞིབ་བཤེར་བྱས་པར་གཞིགས་ན། ཀན་ཅང་གི་2019ལོའི་ཆུ་ལོག་ཨང་རྟགས་1པོ་ཆུ་བོའི་བར་རྒྱུད་དུ་གྲུབ་ཡོད་པ་དང་། སྔོན་དཔག་བྱས་ན་ཀན་ཅང་བར་རྒྱུད་ཀྱི་ཅི་ཨན་ས་ཚུགས་སུ་ཚེས་10ཉིན་གྱི་ཆུ་ཚོད་12སྐབས་ཆུ་ལོག་གི་ཆུ་གནས་སྨི་51.5ཟིན་ཞིང་། ཉེན་ཟོན་ཐིག་ལས་སྨི1བརྒལ་བ་དང་། ཅི་ཧྲུའུ་ས་ཚུགས་སུ་ཚེས་10ཉིན་གྱི་ཆུ་ཚོད་15སྐབས་ཆུ་ལོག་གི་ཆུ་གནས་ལ་སྨི་50.3དང་། ཉེན་ཟོན་ཐིག་ལས་སྨི་2.3བརྒལ་བ། ཧྲན་ཅང་ས་ཚུགས་སུ་ཚེས་10ཉིན་གྱི་ཆུ་ཚོད་20སྐབས་ཆུ་ལོག་གི་ཆུ་གནས་སྨི་42.7ཟིན་ཞིང་། ཉེན་ཟོན་ཐིག་ལས་སྨི་1.2བརྒལ། ཅང་ཞི་ཡིས་གཙང་འགྲམ་གྱི་འབྲེལ་ཡོད་ས་ཁུལ་དུ་དོགས་ཟོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལག་ལེན་དོན་འཁྱོལ་བྱེད་པ། དུས་ཐོག་ཏུ་མང་ཚོགས་རྩ་འཛུགས་བྱས་ནས་ཉེན་ཁ་ལས་གཡོལ་དགོས་པའི་བླང་བྱ་བཏོན་ཡོད། 
༄༅།།ཅང་ཞི་རུ་སེར་བ་དང་ཆུ་ལོག་གི་གནོད་འཚེ་བྱུང་ནས་མི་ཁྲི་91.7ལ་གནོད་པ་ཐེབས་ཡོད།