འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་10ཉིན།

༄༅།།ལྔ་བའི་ཚེས་ལྔའི་དུས་ཆེན་རིང་སྐྱེལ་འདྲེན་སྒྲིག་ལམ་ལེགས་ཤིང་། སྔོན་རྩིས་བྱས་ན་འགྲུལ་བ་སྐྱེལ་ཚད་མི་
ཐེངས་དུང་ཕྱུར་1.34ཙམ་ཟིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་10ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྔ་བའི་ཚེས་ལྔའི་དུས་ཆེན་རིང་སྐྱེལ་འདྲེན་སྒྲིག་ལམ་ལེགས་ཤིང་། སྔོན་རྩིས་བྱས་ན་འགྲུལ་བ་སྐྱེལ་ཚད་མི་
ཐེངས་དུང་ཕྱུར་1.34ཙམ་ཟིན།
     མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན། གསར་འགོད་པས་ཚེས་9ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱུང་གསལ། ལྔ་བའི་ཚེས་ལྔའི་དུས་ཆེན་རིང་། རྒྱལ་ཡོངས་ཀྱི་སྐམ་ལམ་དང་ཆུ་ལམ་ཐོག་གི་ཡུལ་སྐོར་བ་སྐྱེལ་འདྲེན་གྱི་སྒྲིག་ལམ་ལེགས་ཤིང་། སྔོན་རྩིས་བྱས་ན་མི་ཐེངས་དུང་ཕྱུར་1.34སྐྱེལ་འདྲེན་ལེགས་འགྲུབ་ཡོང་རྒྱུ་ཡིན་པས། དུས་མཉམ་དང་བསྡུར་ན་ 3%མར་ཆགས་ཡོད། ཚེས་9ཉིན་གྱི་ཆུ་ཚོད་15བར་དུ། ཁྱབ་ཁོངས་ཆེན་པོ་དང་དུས་ཡུན་རིང་པོར་ལམ་བཀག་པའི་གནས་ཚུལ་ཚབས་ཆེན་བྱུང་མེད།
    གཞུང་ལམ་ཕྱོགས་སུ། ལྔ་བའི་ཚེས་ལྔའི་སྐབས་སུ། རྒྱལ་ཡོངས་ཀྱི་གཞུང་ལམ་དྲ་བའི་འགྲིམ་འགྲུལ་རྒྱུག་ཚད་སྤྱིའི་ཆ་ནས་དུས་རྒྱུན་ལས་ཅུང་མཐོ་ཞིང་། གཞུང་ལམ་ཕྱིར་བསྐྱོད་ནི་ལམ་ཐག་འབྲིང་ཐུང་གི་དགོས་མཁོ་གཙོ་བོ་རེད་འདུག ཐོག་མའི་སྡོམ་རྩིས་ལ་གཞིགས་ན། རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་གྱི་ཕྱིར་བགྲོད་ཚད་ནི་དུས་མཉམ་དང་བསྡུར་ན་4%འཕར་ཡོད་ཅིང་། དེའི་ཁྲོད་དུ། ཟླ་6ཚེས་7ཉིན་གྱི་ཆུ་ཚོད་9ནས་ཆུ་ཚོད་11བར་དང་། ཟླ་6ཚེས་9ཉིན་ཆུ་ཚོད་15ནས་ཆུ་ཚོད་18བར་ཕྱིར་བསྐྱོད་མཐོ་རླབས་དང་བཞུར་ཚད་ཆེ་བའི་གནས་ཚུལ་མངོན་གསལ་རེད། མཐོ་རླབས་དུས་མཚམས་ཀྱི་ལམ་དུམ་ཁ་ཤས་སུ་ལམ་བཀག་པའི་གནས་ཚུལ་ནི་དུས་རྒྱུན་ལས་ལྡབ་2ཡིན་ཞིང་། ལམ་བཀག་ཚད་ངལ་རྩོལ་དུས་ཆེན་གྱི་གུང་གསེང་ལས་མངོན་གསལ་གྱིས་ཆུང་བ་ཡོད།
༄༅།།ལྔ་བའི་ཚེས་ལྔའི་དུས་ཆེན་རིང་སྐྱེལ་འདྲེན་སྒྲིག་ལམ་ལེགས་ཤིང་། སྔོན་རྩིས་བྱས་ན་འགྲུལ་བ་སྐྱེལ་ཚད་མི་
ཐེངས་དུང་ཕྱུར་1.34ཙམ་ཟིན།