འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་10ཉིན།

༄༅༎ལག་ཤེས་བཟོ་ལས་ཀྱིས་མང་ཚོགས་དབུལ་སྒྲོལ་འབབ་འཕར་ཡོང་རྒྱུར་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་10ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
མཉམ་ལས་ཁང་གི་ལས་དོན་མི་སྣས་བོད་བཟོའི་ཞྭ་མོ་བཟོ་བཞིན་ཡོད་པ།
མཉམ་ལས་ཁང་གི་ལས་དོན་མི་སྣས་བོད་བཟོའི་ཞྭ་མོ་བཟོ་བཞིན་ཡོད་པ།
     མི་དམངས་དྲ་བའི་འཕྲིན། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་གཡང་དཀར་གྲོང་ལྷན་གྱི་ཞྭ་མོ་ཚེ་རིང་སྐྱིན་ཁེབས་མཉམ་ལས་ཁང་བཙུགས་པ་ནས་བཟུང་། གཙོ་བོ་བོད་བཟོའི་ཞྭ་མོ་དང་བོད་ལྷམ་བཟོ་གི་ཡོད་པ་རེད། བཟོ་ལྟ་གསར་རྐྱང་དང་བཟོ་རྩལ་ཞིབ་ཚགས་ལྡན་པའི་ལག་ཤེས་ཐོན་རྫས་དེ་དག་ལ་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་པས། ཐོན་རྫས་ཀྱིས་དགོས་མཁོ་སྐོང་ཐུབ་ཀྱི་མེད། 2018ལོར་མཉམ་ལས་ཁང་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་200ལྷག་ཙམ་ཟིན་པ་དང་། ལས་ཞུགས་ལས་གནས་40ལྷག་ཙམ་མཁོ་འདོན་བྱས་པ། མཉམ་ལས་ཁང་གི་ལས་མི་མི་རེར་ཟླ་རེར་གླ་ཕོགས་སྒོར་6000ནས་15000ལྷག་ཙམ་བར་རག་ཡོད་པ་རེད།