འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་6ཉིན།

༄༅༎མཚོ་སྔོན་ཞིང་ཆེན་གྱི་དཔྱིད་འདེབས་པད་སོན་ལེགས་བཅོས་ཐད་ཚད་བརྒལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་06ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་འབྲོག་ལས་ཚན་རྩལ་གསར་གཏོད་པད་ཁའི་ཐོན་ལས་ལས་སྟེགས་ཀྱིས་མཚོ་སྔོན་ཞིང་ཚན་ཁང་ལ་བརྟེན་ནས་དཔྱིད་འདེབས་པད་སོན་སྦྱོར་སྡེབ་ཨང་15པ་འདེབས་གསོ་ཐུབ་ནས་ཞིང་ལས་གྲོང་གསེབ་པུའི་ཞིང་ནང་སྐྱེ་དངོས་གཙོ་བོ་མིན་པའི་སོན་བཟང་ཐོ་བཀོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། རང་རྒྱལ་གྱི་དཔྱིད་འདེབས་པད་ཁ་འདེམས་ཁུལ་གྱི་པད་ཁ་གཙོ་བོ་ནི་སྦྱོར་སྡེབ་ཨང་5པ་ཡིན་ཞིང་། དེ་མཚོ་སྔོན་དང་། ཀན་སུའུ། ཤིན་ཅང་། ནང་སོག ཧྲན་ཤིས། ཉིང་ཞ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ས་བབ་མཐོ་ཚད་སྨི་2500མན་ཆད་ས་ཁུལ་དུ་འདེབས་འཛུགས་བྱེད་འཚམ་པོ་ཡོད།
     མཚོ་སྔོན་ཞིང་ཚན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། གསར་དུ་འདེབས་གསོ་བྱས་པའི་སྦྱོར་སྡེབ་ཨང་15པ་ཐོན་འབབ་མང་བ་དང་། གསོན་ཤུགས་ཆེ་བ། སྤུས་ཀ་ལེགས་པ་སོགས་ཀྱི་ཁྱད་ཆོས་ཡོད། སྦྱོར་སྡེབ་ཨང་15ཡི་དཔྱིད་འདེབས་པད་ཁ་2017ལོ་དང་2018ལོའི་རྒྱལ་ཁབ་ཀྱི་སོན་ཚོད་ལྟ་བྱས་པར་ཐོན་འབབ་ཨང་དང་པོར་སླེབས་ནས་ཆ་སྙོམས་མུའུ་རེ་ནས་སྤྱི་རྒྱ་246.47ཐོན་གྱི་ཡོད། སྦྱོར་སྡེབ་ཨང་5པ་དང་བསྡུར་ན་ཆ་སྙོམས་ཐོན་འབབ་9.73%འཕར་བ་དང་ལོ་བཅུ་ཕྲག་རིང་རང་རྒྱལ་གྱི་དཔྱིད་འདེབས་པད་ཁ་འདེབས་ཁུལ་གྱི་ཚོད་ལྟའི་བསྡུར་གཞིའི་ཁྲོད་ཐོན་འབབ་5%ཡན་འཕར་བའི་སོན་ཞིག་རེད།