འཚོལ་བཤེར།   
藏文频道
2019ལོའི་ཟླ་6ཚེས་5ཉིན།

༄༅༎དོམ་ཁྲ་ས་མཐོའི་གྲོང་ཁྱེར་ཟི་ལིང་དུ་ཐོག་མར་འབྱོར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 06ཚེས་05ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གྱི་སྔ་དྲོའི་ཆུ་ཚོད་10དང་ཕྱེད་ཀར་ཁྲེང་ཏུའི་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིའི་དོམ་ཁྲ“ཧོ་ཤིང”དང“ཧྲོང་ཤིན”གཉིས་དུས་གཏན་གནམ་གྲུ་CA4211ལ་བསྡད་ནས་ཟི་ལིང་གྲོང་ཁྱེར་མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་གླིང་དོམ་ཁྲ་ཁང་དུ་འབྱོར་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་5ཉིན་དོམ་ཁྲ་གཞན་གཉིས་ཟི་ལིང་དུ་འབྱོར་རྒྱུ་ཡིན་པ་དང་། འབྱུང་འགྱུར་ལོ་3ནང་མཚོ་སྔོན་གྱིས་དོམ་ཁྲར་དམིགས་ནས་ཚན་རྩལ་ཁྱབ་སྤེལ་གྱི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། དོམ་ཁྲ་མཚོ་བོད་ས་མཐོའི་གནམ་གཤིས་དང་ཁོར་ཡུག་ལ་དེ་བས་ལེགས་པའི་སྒོ་ནས་འཕྲོད་ཆེད། དོམ་ཕྲུག་ལ་ཁང་པའི་ཕྱི་ནང་གི་འགུལ་སྐྱོད་ཁོར་ཡུག་དང་ངལ་གསོ་རྒྱག་ས། དེ་བཞིན་སྨི་ངོས་གྲུ་30ཟིན་པའི་སྨྱུག་མའི་ཆུ་གཏོར་ཁང་པ་དང་སྨྱུག་མ་སོས་ཉར་མཛོད་བཅས་སྒྲིག་སྦྱོར་བྱས་ཡོད། 
     མཚོ་བོད་ས་མཐོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དོམ་ཁྲ་ཁང་དེ་ཟླ་བ་འདིར་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་རེད།