མི་དམངས་དྲ་བ།

༄༅༎དབང་དབྱང་གིས་ཁུ་པའི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཏེ་ལི་ཀེ་སི་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་31ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅༎དབང་དབྱང་གིས་ཁུ་པའི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཏེ་ལི་ཀེ་སི་ལ་མཇལ་འཕྲད་གནང་བ།

     ཚེས་30ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཁུ་པའི་ཕྱི་འབྲེལ་པུའུ་ཀྲང་ལུའོ་ཏེ་ལི་ཀེ་སི་ལ་མཇལ་འཕྲད་གནང་བ་རེད།
     དབང་དབྱང་གིས། ཀྲུང་གོ་དང་ཁུ་པ་གཉིས་ཀ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་ལ། ཕྱི་འབྲེལ་བཙུགས་ནས་ལོ་60ལ་ཉེ་བའི་རིང་། རྒྱལ་ཁབ་གཉིས་པོའི་མཛའ་བརྩེ་སྔར་ལས་ཟབ་ཅིང་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གསར་པ་མུ་མཐུད་ཐོབ་བཞིན་ཡོད། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནའང། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་འབྲེལ་བ་འགྱུར་མི་སྲིད། ང་ཚོས་ཁུ་པ་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏི་ཡ་སི-ཁ་ནེར་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་འདོད་ཡོད་དེ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་ས་ཁུལ་གནད་དོན་ཐད་ཀྱི་རྒྱལ་ཁབ་གཉིས་པོའི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་བརྩེ་དང་ཁྱབ་ཁོངས་ཁག་བར་གྱི་སྤེལ་རེས་མཉམ་ལས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གཡུར་དུ་ཟ་བ་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 
     ལུའོ་ཏེ་ལི་ཀེ་སིས་ཁུ་པ་དང་ཀྲུང་གོ་བར་གྱི་ཕྱོགས་གཉིས་པོའི་འབྲེལ་བ་དེ་མིག་སྔར་ཆུ་ཚད་མཐོན་པོར་གནས་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་དབུ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་འདོད་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། 
     ཞ་པའོ་ལུང་མཇལ་འཕྲད་ལ་ཞུགས། 

  
style="display:none;"