འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་30ཉིན།

༄༅༎བོད་ལྗོངས་དམར་ཆུ་གྲོང་ཚོས་འབྲི་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་བྱས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་30ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་5ཚེས་28ཉིན། དམར་ཆུ་གྲོང་ཚོའི་གྲོང་མིས་གད་སྙིགས་འཐུ་བཞིན་ཡོད་པ།
ཟླ་5ཚེས་28ཉིན། དམར་ཆུ་གྲོང་ཚོའི་གྲོང་མིས་གད་སྙིགས་འཐུ་བཞིན་ཡོད་པ།
     མི་དམངས་དྲ་བའི་འཕྲིན། འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། བོད་ལྗོངས་ཨ་མདོ་རྫོང་དམར་ཆུ་གྲོང་ཚོས་གཟའ་འཁོར་རེར་ཁྱབ་ཁོངས་ཡོངས་སུ“འབྲི་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་པའི”གད་སྙིགས་འཐུ་པའི་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད། བྱེད་སྒོ་དེ་ནི་གྲོང་ཚོ་ཁག་གི་ཏང་ཡོན་དང་བླངས་པས་སྣེ་ཁྲིད་བྱས་ཏེ། སྐྱེ་ཁམས་སྐོར་སྲུང་བ་ཞུགས་པ་དང་། མང་ཚོགས་རང་མོས་ངང་ཞུགས་པ་ཞིག་རེད། ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་དེ་2016ལོར་སྤེལ་འགོ་ཚུགས་ལ། ད་ཆ་ལོ་གསུམ་རྒྱུན་འཁྱོངས་བྱས་ཟིན་པ་རེད།
ཟླ་5ཚེས་28ཉིན། དམར་ཆུ་ཤང་ཏང་ཨུ་ཧྲུའུ་ཅི་ནམ་མཁའ་རྒྱལ་མཚན་(དཀྱིལ)གྱིས་བྱེད་སྒོའི་ནང་ཞུགས་མཁན་གྲོང་མི་ཚོར་ཕྱིར་བསྡུ་ཆོག་པ་དང་ཕྱིར་བསྡུ་མི་ཆོག་པའི་གད་སྙིགས་དབྱེ་འབྱེད་ཇི་ལྟར་བྱེད་དགོས་པའི་སྐོར་འགྲེལ་བཤད་རྒྱག་བཞིན་པ།