འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་27ཉིན།

༄༅།།བོད་ལྗོངས་བརྡ་འཕྲིན་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་ཧྥེང་ཝུན་ཡུང་ལ་བརྟག་
དཔྱད་ཞིབ་བཤེར་བྱས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་24ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་བརྡ་འཕྲིན་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་ཧྥེང་ཝུན་ཡུང་ལ་སྒྲིག་འགལ་ཁྲིམས་འགལ་གྱི་ནག་ཉེས་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་བཟོ་ལས་དང་ཆ་འཕྲིན་པུའུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་ལ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 
    ཧྥེང་ཝུན་ཡུང་གི་ལོ་རྒྱུས་མདོར་བསྡུས།
     ཧྥེང་ཝུན་ཡུང་། སྐྱེས་པ། 1964ལོའི་ཟླ་3པར་སྐྱེས། རྒྱ་རིགས། སི་ཁྲོན་ཞི་ཁྲོང་གི་མི། ཀྲུང་གུང་ཏང་ཡོན། ཆེད་སྦྱོང་བསླབས་རིམ། མཐོ་རིམ་བཟོ་བཀོད་པ། 1986ལོའི་ཟླ་8པར་ཁྲུང་ཆིང་སྦྲག་ཏར་སློབ་གླིང་སྐུད་མེད་བཟོ་བཀོད་ཚན་ཁག་ཕྱོགས་བསྡུས་བརྡ་འཕྲིན་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས། བོད་ལྗོངས་ནག་ཆུ་ས་ཁུལ་སྦྲག་ཁང་དུ་ལས་ཀར་ཞུགས་པ་དང་། སྔ་རྗེས་སུ་བོད་ལྗོངས་གློག་འཕྲིན་ཀུང་སིའི་ནག་ཆུ་ཡན་ལག་ཀུང་སི་དང་ལྷོ་ཁ་ཡན་ལག་ཀུང་སིའི་སྤྱི་ཁྱབ་བདག་གཉེར་པ་དང་། བོད་ལྗོངས་གློག་འཕྲིན་ཀུང་སིའི་སྤྱི་གཉེར་པུའུ་ཡི་ཀྲུའུ་རེན། བོད་ལྗོངས་གློག་འཕྲིན་ཀུང་སིའི་ལྷ་ས་ཡན་ལག་ཀུང་སིའི་ཏང་ཨུ་ཧྲུའུ་ཅི་བཅས་ཀྱི་འགན་འཁུར་མྱོང་ཡོད། 
     2013ལོའི་ཟླ་1ནས་2016ལོའི་ཟླ་9བར། བོད་ལྗོངས་དོ་དམ་ཅུས་ཏང་ཙུའུ་ཡི་ཁོངས་མི་དང་། བོད་ལྗོངས་ཆེད་སྤྱོད་ཅུས་ཀྱི་ཅུས་ཀྲང་བཅས་ཀྱི་འགན་འཁུར། 2016ལོའི་ཟླ་9པ་ནས་2017ལོའི་ཟླ་4པའི་བར་བོད་ལྗོངས་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། ཏང་ཙུའུ་ཡི་ཁོངས་མི། བོད་ལྗོངས་ཆེད་སྤྱོད་ཅུས་ཀྱི་ཅུས་ཀྲང་བཅས་ཀྱི་འགན་འཁུར། 2017ལོའི་ཟླ་4པ་ནས་ད་བར་བོད་ལྗོངས་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་བཅས་ཀྱི་འགན་འཁུར་བ་རེད།