འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་21ཉིན།

༄༅།།ཕྱི་འབྲེལ་པུའུ་ཡིས་ཡོ་རོབ་ཀྱི་བརྟག་དཔྱད་བྱས་འབྲས་ལས་ཧྭ་ཝེ་ལ་ཉེས་མེད་བདེན་དཔང་
བྱས་ཡོད་ཟེར། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་21ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཡོ་རོབ་ཀྱིས་ཧྭ་ཝེ་ལ་བརྟག་དཔྱད་ལས་“ལྟག་སྒོ”མེད་པར་ཤེས་པའི་གནད་དོན་དང་འབྲེལ་བའི་སྐོར་ལ་ལན་སྤྲད་དུས་སུ། ཡོ་རོབ་ཕྱོགས་ཀྱི་བརྟག་དཔྱད་བྱས་འབྲས་ལས་ཧྭ་ཝེ་ཉེས་མེད་ཡིན་པ་བདེན་དཔང་བྱས་ཡོད་ལ། ཨ་རིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་ཁེ་ལས་ལ་ཚུལ་མིན་རང་བཞིན་གྱི་རྡུང་རྡེག་བྱས་པའང་དམར་རྗེན་དུ་བཏོན་ཡོད་པ་བཤད། 
     ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། གསར་འགོད་པ་ཞིག་གིས། འཇར་མན་གྱི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ལོ་མང་རིང་ཞིབ་བཤེར་བྱས་པ་བརྒྱུད། དབྱིན་ཇི་དང་འཇར་མན། དེ་བཞིན་ཡོ་རོབ་མནའ་འབྲེལ་བཅས་ཚང་མས་ཧྭ་ཝེ་ཡི་ཐོན་རྫས་ལ་“ལྟག་སྒོ”མངོན་གསལ་ཡོད་པ་རྙེད་མེད་ནའང་། ཨ་རིའི་སུ་ཁོའི་སྒྲིག་ཆས་ཀུང་སིས་དུས་རྒྱུན་དུ་བདེ་འཇགས་ཐད་ཀྱི་ཉེན་ཁ་རྙེད་བཞིན་འདུག 2013ལོ་ནས་ད་ལྟའི་བར་“ལྟག་སྒོ”དོན་རྐྱེན་10བྱུང་སོང་། འདིའི་ཐད་ལ་ཀྲུང་གོས་དཔྱད་འཇོག་ཅི་ཞིག་ཡོད་ཅེས་དྲིས་པ་ལ། 
    “དོན་དངོས་སུ། འདིའི་ཐད་ལ་ཨ་རིར་དཔྱད་འཇོག་གང་ཞིག་ཡོད་པ་ང་ཚོས་ཧ་ཅང་ཉན་འདོད་ཡོད”ཅེས་ལུའུ་ཁང་གིས་བཤད་པ་དང། “རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རེ་བ་ཆེན་པོ་བྱས་མེད་ན་ཐང་། གང་ཡིན་ཟེར་ན། ‘མེ་ལོང་ཟུར་གསུམ་མའི’དོན་རྐྱེན་བྱུང་བ་ནས་བཟུང་། རྒྱལ་སྤྱིའི་ཐོག་ནས་ཨ་རིར་སྐྱོན་འཛུགས་བྱས་པའི་ཁྲིམས་འགལ་ངང་དྲ་རྒྱ་འགོག་རྒོལ་དང་གསང་བ་བརྐུས་པའི་དོན་དངོས་ཀྱི་གཞི་འཛིན་སའི་ཐད། ཨ་རིས་སྔ་ཕྱི་བར་གསུམ་དུ་ཁ་གྲགས་རྒྱུ་མེད”ཅེས་བཤད། 
ཁོང་གིས། ཨ་རིས་རང་ཉིད་ཀྱི་སེམས་རྒྱ་ཡིས་གཞན་གྱི་ཁོག་རྒྱ་ལ་ཚད་འཇལ་ནས། ཚུལ་མིན་འགྲན་རྩོད་ཀྱི་ལེགས་ཆ་ཐོབ་ཆེད། རྒྱལ་ཁབ་གཞན་པའི་ཁེ་ལས་ལ་མ་ཉེས་ཁག་གཡོག་བྱས་ནའང་། བདེན་དཔང་འདི་ཡིན་དེ་ཡིན་ཟེར་བ་ཞིག་རྩ་བ་ནས་སྟོན་རྒྱུ་བྱུང་མེད། ལུའུ་ཁང་གིས་“ཡོ་རོབ་ཕྱོགས་ཀྱི་བརྟག་དཔྱད་བྱས་འབྲས་ལས་ཧྭ་ཝེ་ལ་ཉེས་མེད་བདེན་དཔང་བྱས་ཡོད་ལ། ཨ་རིས་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་ཁེ་ལས་ལ་ཚུལ་མིན་རང་བཞིན་གྱི་རྡུང་རྡེག་བྱས་པའང་དམར་རྗེན་དུ་བཏོན་ཡོད་པ”བཤད།