འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་21ཉིན།

༄༅།།ཅང་ཤིས་ཀྱིས་གསར་བརྗེའི་རིག་གནས་རྒྱུན་འཛིན་གསར་གཏོད་ཀྱི་མཐོ་ས་བཏོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་21ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་ནན་ཁྲང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་བརྗེའི་རིག་དངོས་སྲུང་སྐྱོང་ཉམས་གསོ་དང་འགྲེམས་སྟོན་བརྒྱུད་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་། གསར་བརྗེའི་རིག་དངོས་ཀྱི་རིན་ཐང་སྔོག་འདོན་དང་བེད་སྤྱོད་གསར་གཏོད་གཏིང་ཟབ་ཏུ་གཏོང་ཕྱིར། ཅང་ཤིས་ཞིང་ཆེན་གྱིས་གསར་བརྗེའི་རིག་གནས་སྲུང་སྐྱོང་བེད་སྤྱོད་ཀྱི་འདུ་འགོད་རབ་དང་རིམ་པ་ལག་ལེན་བསྟར་འགོ་བཙུགས་པའི་ནང་། ཅང་ཤིས་ཀྱི་ཏང་གི་ལོ་རྒྱུས་རིག་དངོས་སྲུང་སྐྱོང་འགྲེམས་སྟོན་གྱི་འདུ་འགོད་དང་། གསར་བརྗེའི་རིག་དངོས་གཅིག་སྡུད་ཡུག་འབྲེལ་སྲུང་སྐྱོང་བེད་སྤྱོད་འདུ་འགོད། གསར་བརྗེའི་རིག་དངོས་ཀྱི་བརྗོད་དོན་གཙོ་བོ་སྲུང་སྐྱོང་འགྲེམས་སྟོན་གྱི་འདུ་འགོད། གསར་བརྗེའི་རིག་དངོས་བཤམས་སྟོན་འགྲེམས་སྟོན་རྩེ་གྲའི་འདུ་འགོད། གསར་བརྗེའི་རིག་དངོས་དྲིལ་བསྒྲགས་བརྒྱུད་སྤེལ་འདུ་འགོད། གསར་བརྗེའི་རིག་དངོས་བདེ་འཇགས་འདུ་འགོད་སོགས་ཚུད་ཡོད།
     2022ལོར་སླེབས་སྐབས། ཅང་ཤིས་ཞིང་ཆེན་གྱི་ཞིང་ཆེན་ཡོངས་ཀྱི་གསར་བརྗེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་གནས་བབ་ལེགས་སུ་མངོན་གསལ་དོད་པོ་ཡོང་བ་དང་། ཅང་ཤིས་ལྷོ་རྒྱུད་སོགས་དེ་སྔའི་ཀྲུང་དབྱང་སུའུ་ཝུའེ་ཨའེ་ཁུལ་གྱི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ཉམས་མྱོང་ཁྱབ་གདལ་ཧུར་ཐག་གཏོང་བ། རྒྱལ་ཡོངས་ཁྱོན་དུ་གསར་བརྗེའི་ཡུལ་སྐོར་སྔོན་དུ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། ཅང་ཤིས་རྒྱལ་ཡོངས་ཀྱི་གསར་བརྗེའི་རིག་གནས་རྒྱུན་འཛིན་གསར་གཏོད་ཀྱི་མཐོ་སར་གཏོད་རྩིས་ཡོད་པ་རེད།