འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་17ཉིན།

༄༅།།ཟི་ལིང་དུ་རང་རྒྱལ་གྱི་ས་བབ་མཐོ་ཁུལ་གྱི་ཐཱན་ཚི་སྣ་བཟོ་བའི་རྟེན་གཞི་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་17ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་ལོར་ནུས་ཆེའི་ཐཱན་ཚི་སྣ་དང་ལྷན་སྦྱར་མ་བཅོས་སྲིན་སྐུད་ཏུན་ཁྲི་2ཐོན་སྐྱེད་ཀྱི་རྣམ་གྲངས་ལས་གྲྭ་ཚེས་13ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བསྐྲུན་པ་དང་2020ལོར་རགས་ཙམ་བསྐྲུན་ཟིན་པ་བྱ་རྒྱུ་རེད།
     ཀྲུང་གོ་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་མངའ་འོག་གི་ཀྲུང་ཧྥུའུ་བྱ་རྒོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལན་ཧྥུང་གིས་ངོ་སྤྲོད་བྱས་དོན། རྣམ་གྲངས་དེར་མ་རྩ་སྒོར་དུང་ཕྱུར་50གཏོང་རྩིས་ཡོད་པ་དང་། དུས་མཚམས་གཉིས་ལ་དབྱེ་ནས་དུས་མཚམས་དང་པོའི་ཏུན་ཁྲི་1དེ་2020ལོའི་ཟླ་བདུན་པར་བསྐྲུན་ཟིན་པ་བྱས་ནས་ཐོན་སྐྱེད་བྱེད་འགོ་འཛུགས་རྩིས་ཡོད་པ་དང་། 2025ལོར་ཏུན་ཁྲི་2ཀྱི་རྣམ་གྲངས་ཚང་མ་ཐོན་སྐྱེད་བྱ་རྩིས་ཡོད་པ་རེད།