མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གི《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འབྱུང་
འགྱུར་ཐུན་མོང་ཐོག་གཏོད་དགོས》ཞེས་པའི་དཔེ་དེབ་རྐྱང་མ་དཔེ་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་16ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་གི《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འབྱུང་
འགྱུར་ཐུན་མོང་ཐོག་གཏོད་དགོས》ཞེས་པའི་དཔེ་དེབ་རྐྱང་མ་དཔེ་སྐྲུན་བྱས་པ།

     ཟླ་5ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གསོལ་སྟོན་བཤམས་ནས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ཚོར་དགའ་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་ཕྱི་རྒྱལ་གྱི་འགོ་ཁྲིད་པའི་སྟངས་དཔྱལ་དང་སྐུ་མགྲོན་ཚོ་དང་མཉམ་དུ་བསྐྱོན་པའི་པར་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས》ཞེས་པའི་དཔེ་དེབ་རྐྱང་མ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་ནས་འགྲེམས་སྤེལ་བྱས་པ་རེད།

  
style="display:none;"