འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་16ཉིན།

༄༅།།ཁྲོན་བོད་གཞུང་ལམ་འགྲམ་གྱི་"ཞིམ་མངར་"ཐོན་ལས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་15ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲོན་བོད་གཞུང་ལམ་འགྲམ་གྱི་"ཞིམ་མངར་"ཐོན་ལས།
     མི་དམངས་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་ནས་ཐོན་ཏེ། ཁྲོན་བོད་གཞུང་ལམ་རྒྱུད་ནས་ནུབ་ཕྱོགས་སུ་སྤྱི་ལེ་30ཙམ་བསྐྱོད་ན། དགོན་ཚང་མོན་པ་རིགས་ཤང་ལྕམ་པ་གྲོང་ཚོའི་འབྲི་ཏ་ས་འཛིན་གྱི་རྟེན་གཞིར་སླེབས་ཀྱི་ཡོད། 
སྔོན་ཆད། ལྕམ་པ་གྲོང་ཚོའི་ཡོང་འབབ་གཙོ་བོ་ནི་ནགས་ཤིང་གཅོད་པ་དང་བེ་ཤ་སྔོག་རྒྱུ་དེ་རེད། བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་རང་བྱུང་ནགས་ཚལ་སྲུང་སྐྱོང་གི་ལས་གྲྭ་ལག་བསྟར་བྱས་རྗེས།  ལྕམ་པ་གྲོང་ཚོའི་གྲོང་མི་120ལྷག་ཙམ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་མེད་པར་གྱུར་ཡོད།
     ཐེངས་མང་རིམ་སྤོར་བསྒྱུར་བཀོད་བྱས་པ་བརྒྱུད། ཁྲོན་བོད་གཞུང་ལམ་ལ་དེ་བས་ཡག་པའི་ཤར་བགྲོད་ནུས་པ་ལྡན་པ་དང་དེ་བས་མཐོ་བའི་བདེ་འཇགས་རྟག་གྲངས་ལྡན་ཡོད། ལྕམ་པ་གྲོང་ཚོས་2007ལོ་ནས་བཟུང་ཁྲོན་བོད་གཞུང་ལམ་ལ་བརྟེན་ནས་འབྲི་ཏ་ས་འཛིན་གྱི་ཐོན་ལས་འཕེལ་རྒྱས་བཏང་བ་དང་།  རིམ་བཞིན་དྲོད་ཁང་ཆེན་མོ་འཛུགས་སྐྲུན་བྱས་ནས། འབྲི་ཏ་ས་འཛིན་འདེབས་འཛུགས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།   
     ད་ཆ། གྲོང་ཚོའི་དུད་ཚང་28ཀྱི་དུད་ཚང་རེར་གཉིས་རེའི་ཚད་གཞི་ལྟར་གཅིག་གྱུར་གྱི་ལྕགས་སྒྲོམ་ལས་སྒྲུབ་པའི་དྲོད་ཁང་ཆེན་མོ་བསྐྲུན་པ་དང་། སྤྱིའི་ས་བཟུང་རྒྱ་ཁྱོན་མུའུ་50ལྷག་ཙམ་ཡོད། ན་ནིང་།  དྲོད་ཁང་ཆེན་མོ་རེ་ནས་ཆ་སྙོམས་བྱས་ན་འབྲི་ཏ་ས་འཛིན་ཐོན་ཚད་རྒྱ་མ་800ཟིན་ཞིང་། གྲོང་ཚོ་ཡོངས་ཀྱི་ལོ་ཧྲིལ་པོའི་འབྲི་ཏ་ས་འཛིན་འདེབས་འཛུགས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི་185ལྷག་ཙམ་བྱུང་ཡོད།
【1】  【2】
༄༅།།ཁྲོན་བོད་གཞུང་ལམ་འགྲམ་གྱི་"ཞིམ་མངར་"ཐོན་ལས།