འཚོལ་བཤེར།   
藏文频道
2019ལོའི་ཟླ་5ཚེས་15ཉིན།

༄༅།།2019ལོའི་དབུན་ཁྲོན་མར་སུན་རྒྱང་རྒྱུག་འགྲན་བསྡུར་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 05ཚེས་15ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན། 2019ལོའི་དབུན་ཁྲོན་མར་སུན་རྒྱང་རྒྱུག་འགྲན་བསྡུར་སི་ཁྲོན་དབུན་ཁྲོན་རྫོང་དབྱིང་ཤིའུ་གྲོང་རྡལ་དུ་འགོ་ཚུགས་པ་དང་ཀྲུང་ཕྱིའི་བདམས་ཐོན་པ་བརྒྱད་སྟོང་ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད། འགྲན་བསྡུར་ནང“ཁུ་སིམ་རྒྱུག་ལམ”གྱི་དུམ་བུ་ཞིག་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་ཏེ་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་དྲན་གསོ་ཞུས་ཡོད།
      འགྲན་བསྡུར་འགོ་མ་ཚུགས་གོང་། ལོ་60ལས་གྲུབ་པའི་རྔ་པ་ཚོས་རྔ་བརྡུངས་ནས་རྒྱུག་ཤར་གློད་མཁན་ལ་དགའ་འབོད་བྱས་པ་རེད། ཞོགས་པའི་ཆུ་ཚོད་8:30ལ་རྒྱུག་ཤར་དངོས་སུ་གློད་འགོ་ཚུགས་ཤིང་། འགྲན་བསྡུར་གྱི་ལམ་ཐིག་ནི་དབྱིང་ཤིའུ་གྲོང་རྡལ་གྱི་ཨའེ་ལི་ཧྥང་ནས་འགོ་བཙུཌ་ཏེ་ཞོན་ཁོའུ་གྲོང་རྡལ་དང་ཏཱ་ཧྲུའེ་མོའུ་གྲོང་རྡལ་བརྒྱུད་མཐར་རྔ་པ་དགེ་འོས་སློབ་གླིང་དུ་འབྱོར་གྱི་ཡོད།
     མཐར་ཁེན་ནི་ཡའི་བདམས་ཐོན་པ་ཁ་མཱ་ཡིས་ཆུ་ཚོད་1དང་སྐར་མ་10སྐར་ཆ་16གི་གྲུབ་འབྲས་ཐོག་ནས་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་བདམས་ཐོན་པ་ཝང་ཐའོ་དང་ཧྲ་ཀྲེང་ཡིའུ་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད། ཀྲུང་གོའི་བདམས་ཐོན་པ་ཅ་ཧུང་ཆིང་གིས་ཆུ་ཚོད་1དང་སྐར་མ་34སྐར་ཆ་15ཡི་ཐོག་ནས་བུད་མེད་ཀྱི་ལམ་ཕྱེད་མར་སུན་རྒྱང་རྒྱུག་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཡོད།